འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་བཟོ་ལས་སྡེ་ཁུལ་གྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་28ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་23ཉིན། མཚོ་བོད་ཞིང་ལྗོངས་གཉིས་ཀྱི་མཚོ་བོད་བཟོ་ལས་སྡེ་ཁུལ་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཝང་ལི་མིང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་ཝང་ཧའེ་ཀྲོའུ་གཉིས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་ཀྱང་བྱས་པ་རེད། 
         ཝང་ལི་མིང་གིས་མཚོ་བོད་བཟོ་ལས་སྡེ་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ཐད་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་བྱས་ཤིང་། ཁོང་གིས་ཞིང་ལྗོངས་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས་ལག་གདང་སྦྲེལ་ནས་སྐུལ་འདེད་བཏང་བའི་འོག་དང་།  ཞིང་ལྗོངས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་ཁག་གིས་ཤུགས་སྒྲིལ་རོགས་བྱས་ནས་མཚོ་བོད་བཟོ་ལས་སྡེ་ཁུལ་གྱི་ལས་དོན་ཁག་འཕེལ་རྒྱས་ལེགས་པོ་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། ཞིང་ལྗོངས་གཉིས་ཀྱིས་རིམ་པ་མང་བ་དང་། ཁྱབ་ཁོངས་རྒྱ་ཆེ་བར་མཉམ་ལས་ཟབ་སྤེལ་བྱེད་པར་སྐུལ་སྤེལ་གཏོང་ཆེད་རྨང་གཞི་བཏིང་བ་རེད་ཅེས་བརྗོད་པ་དང་། ཁོང་གིས་ཞིང་ལྗོངས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ཞིང་ལྗོངས་གཉིས་ལ་བཏོན་པའི་བླང་བྱ་གལ་ཆེན་སློབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མཉམ་ལས་ཟབ་སྤེལ་དང་། ཐུན་མོང་དུ་འཕེལ་རྒྱས་གཏོང་བའི་རྩ་དོན་ལ་གཞིགས་ནས་སྐྱེ་ཁམས་སྲུང་སྐྱོང་དམིགས་བཀར་དུ་འཛིན་པའི་འདུ་ཤེས་དང་བདེ་འཇགས་ཐོན་སྐྱེད་ལས་བརྒལ་མི་རུང་བའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མཐུན་སྦྱོར་བྱེད་ཤུགས་ཆེར་གཏོང་དང་གཞོགས་འདེགས་དམ་པོ་སྔར་ལས་ལྷག་པར་བྱས་ཏེ་སྡེ་ཁུལ་གྱི་དོ་དམ་བྱེད་ཐབས་གཏན་འབེབས་དང་འཐུས་ཚང་གང་མགྱོགས་བྱེད་པ་དང་། ཚ་འདམ་གྱི་འཁོར་སྐྱོད་དཔལ་འབྱོར་ཚོད་ལྟ་ཁུལ་འཕེལ་རྒྱས་གཏོང་རྒྱུའི་གཞི་རྩའི་བླང་བྱ་བརྩི་སྲུང་བྱས་ནས་གཙོ་གནད་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་བར་སྐུལ་སྤེལ་ཤུགས་སྒྲིལ་བཏང་ཐོག སྡེ་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།