འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་ཕྱོགས་ཀྱིས་སི་རི་ཡའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་མཐུན་སྦྱོར་གྲོས་མོལ་
    གྱི་རྣམ་པའི་ཐོག་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་སི་རི་ཡར་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོ་སྲིད་གཞུང་གི་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཕོ་ཉ་ཤེ་ཞའོ་ཡན་གྱིས་ཀྲུང་གོས་སི་རི་ཡའི་གནད་དོན་ཐད་ཕྱོགས་ཁག་དབར་སྔ་བར་ཕྱི་གསུམ་དུ་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཐུན་སྦྱོར་དང་གྲོས་མོལ་གྱི་རྣམ་པའི་ཐོག་ནས་སི་རི་ཡའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་གི་ཡོད་ཅེས་བཤད་པ་རེད།
         ཤེ་ཞའོ་ཡན་གྱིས་དེ་ཉིན་འཚོགས་པའི་རྒྱ་ཡིག་གི་སྨྱན་སྦྱོར་བརྡ་གཏོང་ཚོགས་འདུའི་ཐོག་ཀྲུང་གོས་སྔ་བར་ཕྱི་གསུམ་དུ་སི་རི་ཡའི་ཞི་བདེ་བརྟན་ལྷིང་སླར་གསོ་བྱ་རྒྱུ་དམིགས་ཚད་དུ་བྱས་ཏེ་ཕྱོགས་ཁག་དབར་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་མཐུན་སྦྱོར་དང་གྲོས་མོལ་གཏིང་ཟབ་བྱེད་ཀྱི་ཡོད། "སི་རི་ཡའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གམ་ཡང་ན་ས་ཁུལ་དང་རྒྱལ་ཁབ། དེ་བཞིན་སི་རི་ཡའི་གནད་དོན་དང་ཐད་ཀར་རམ་ཡང་ན་རང་ཤུགས་སུ་འབྲེལ་བ་ཡོད་པའི་རྒྱལ་ཁབ་གང་ཞིག་ཡིན་རུང་ང་ཚོས་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། དེ་ནི་ཀྲུང་གོ་ཕྱོགས་ཀྱིས་འདུམ་འགྲིག་བྱེད་པའི་ཐད་ཀྱི་ལེགས་ཆ་ཞིག་ཡིན"ཞེས་བཤད་པ་རེད།
         ཤེ་ཞའོ་ཡན་གྱིས་ཀྲུང་གོ་ཕྱོགས་ཀྱིས་མཐུན་སྦྱོར་གྲོས་མོལ་གྱི་གྲུབ་འབྲས་དོན་གཉེར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུར་མཐའ་གཅིག་ཏུ་གཞོལ་ནས་སི་རི་ཡར་མི་རིགས་མཐུན་འགྲིག་བྱུང་སྟེ་མཐར་མི་རིགས་མཐུན་འགྲིག་གི་སྲིད་གཞུང་འཛུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད། དེ་དང་དུས་མཚུངས་ཀྲུང་གོ་ཕྱོགས་ཀྱིས་ཀྱང་རང་ནུས་ལྕོགས་ཚོད་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུ་ཡིན། མིག་སྔའི་བར་ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་དང་དེ་བཞིན་ས་ཁུལ་དང་རྒྱལ་ཁབ་ལ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར་6.8རི་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།