འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅༎མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གིས་སློབ་གླིང་བཙུགས་ནས་ལོ་10
    འཁོར་བར་རྟེན་འབྲེལ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཟླ་6ཚེས་17ཉིན་གྲོང་ཁྱེར་ཨུ་ལན་དཔའ་ཐུལ་དུ་སློབ་གླིང་བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།
         མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་རིག་གནས་ཚན་ཙན་ལི་ཝེ་དང་། མོང་གོལ་རྒྱལ་ཁབ་རྒྱལ་བཙུགས་སློབ་ཆེན་གྱི་ཞའོ་ཀྲང་གཞོན་པ་ཨོ་ཆིར་ཧུའུ་ཡཱ་ཀེ ཀྲུང་གོ་ཧྲན་ཏུང་སློབ་ཆེན་གྱི་འཐུས་མི་བཅས་དང་དེ་བཞིན་ཁུང་ཙི་སློབ་གླིང་གི་དགེ་སློབ་སོགས་མི་བརྒྱ་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
         ལི་ཝེས་གསུངས་དོན། ལོ་བཅུའི་དཀའ་སྤྱད་འབད་བརྩོན་བརྒྱུད་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་བཙུགས་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་དེ་མོང་གོལ་རྒྱལ་ཁབ་ཀྱི་རྒྱ་སྐད་སློབ་ཁྲིད་དང་དགེ་རྒན་གསོ་སྦྱོང་རྟེན་གཞི་དང་། རྒྱ་སྐད་ཞིབ་འཇུག་དང་རིག་གནས་བརྒྱུད་བསྒྲགས་རྟེན་གཞི། HSKརྒྱུགས་ལེན་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་འོས་སྦྱོར་ལྟེ་གནས་བཅས་སུ་གྱུར་ནས། མོང་གོལ་རྒྱལ་ཁབ་ཏུ་མཚན་སྙན་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་པ་དང་འབྲེལ་ཀྲུང་མོང་རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་དང་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཀྱི་ལྟེ་བར་གྱུར་ཡོད།
         ཁུང་ཙི་སློབ་གླིང་སྤྱི་ཁྱབ་པུའི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་མཱ་ཅན་ཧྥེ་ཡིས་རྟེན་འབྲེལ་ཞུ་ཡིག་ནང་མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་དེ་མོང་གོལ་རྒྱལ་ཁབ་ཁྱོན་གྱི་ཁུང་ཙི་སློབ་གླིང་དང་པོ་ཡིན་པའི་ཆ་ནས། ལོ་བཅུའི་རིང་རྒྱུན་ཆད་མེད་པར་གསར་གཏོད་སྲོལ་འབྱེད་བྱས་ཐོག་སློབ་ཆེན་དང་ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་མོང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཨོ་ཆིར་ཧུའུ་ཡཱ་ཀེས་གསུང་དོན། ཁུང་ཙི་སློབ་གླིང་ནི་མོང་གོལ་རྒྱལ་ཁབ་ཀྱི་ས་གཞི་ཆེན་པོ་ནས་རྩ་བ་རྒྱས་པའི་སྡོང་ཕྲུག་ཅིག་ཡིན་ལ། མོང་ཀྲུང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་མཐུན་ནི་སྡོང་ཕྲུག་དེ་སྐྱེ་སའི་ས་ཞིང་གཤིན་པོ་ལྟ་བུ་ཡིན། ཁུང་ཙི་སློབ་གླིང་དེ་ཉིད་གནམ་འདེགས་ཀ་བ་ལྟ་བུ་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག ཁུང་ཙི་སློབ་གླིང་དང་མོང་གོལ་རྒྱལ་ཁབ་ཀྱི་རིགས་ཁག་གི་རྒྱ་སྐད་སློབ་གྲྭའི་སློབ་མ་ཚོས་ཀྲུང་མོང་རྒྱལ་ཁབ་གཉིས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།