འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི“ས་གཏིང”དུ་གཏེར་འཚོལ་བྱེད་པར་རང་བཟོས་ལྟེ་བའི་སྒྲིག་ཆས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཚན་རིག་ཁང་ས་གཤིས་དང་ས་གོ་ལའི་དངོས་ཁམས་ཞིབ་འཇུག་ཁང་གིས་འགན་འཁུར་བའི་རྒྱལ་ཁབ་ཀྱི་ཚན་ཞིབ་སྒྲིག་ཆས་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན“ས་གཏིང་གི་ཐོན་ཁུངས་འཚོལ་བཤེར་གྱི་ལྟེ་བའི་སྒྲིག་ཆས་ཞིབ་འཇུག་གསར་གཏོད”ལ་ཚེས་19ཉིན་ཞིབ་བཤེར་རྩིས་ལེན་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས། རྣམ་གྲངས་དེའི་སྟོན་རྟགས་མང་ཆེ་བ་རྒྱལ་སྤྱིའི་ཆུ་ཚད་དུ་སླེབས་ཡོད་པ་དང་། སྒྲིག་ཆས་འགའ་ཞིག་ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་ལས་བརྒལ་ནས“ས་གོ་ལའི་གཏིང་རིམ་དུ་དཔུང་འཇུག”བྱེད་པའི་འཐབ་ཇུས་ལ་ལག་རྩལ་གྱི་འདེགས་སྐྱོར་ཤུགས་ཆེན་མཁོ་འདོན་བྱས་ཡོད་པ་རེད།
           རང་རྒྱལ་གྱི་གཏེར་ཁའི་ཐོན་ཁུངས་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད་མོད། འོན་ཀྱང་མིག་སྔར་འཚོལ་ཞིབ་དང་སྔོག་འདོན་བྱེད་མང་ཤོས་ནི་གཏིང་ཚད་སྨི་500ནང་ཚུན་དུ་ཡིན་པས། སྨི་500ནས་སྨི་4000བར་གྱི་གཏིང་ཚད་ཀྱི་གཏེར་ལྡན་བར་སྟོང་གཙོ་བོ་རྩད་ཞིབ་བྱ་རྒྱུར་ལུས་ཡོད།
           དུས་ཡུན་ལོ་4ཡི་དཀའ་ཚེགས་འགག་སྒྲོལ་བརྒྱུད་ཞིབ་འཇུག་ཚོགས་པས་ལྟེ་བའི་ཁུལ་གྱི་གཏིང་ཚད་དུ་སྔོན་འདེམས་བྱེད་པ་ནས་མཁའ་ཐོག་ནས་འཚོལ་ཞིབ་རྒྱ་ཆེ་བྱེད་པའི་བར་དང་། གཏེར་ཁུལ་རྩད་ཞིབ་བྱེད་པའི་གཏིང་ཚད་ནས་སྐམ་སའི་གཏིང་ཚད་སྨི་4000གི་ཁྱབ་ཁོངས་ནང་གི་གྲུབ་ཆ་ཞིབ་ཚགས་པོར་འཚོལ་བཤེར་བྱེད་པའི་བར་སོགས་མངོན་འགྱུར་བྱུང་ནས་རང་རྒྱལ་གྱི“ས་འོག་སྨི་4000གི་སའི་གོ་ལའི་ཁ་གསལ་འཆར་གཞིར”ལག་རྩལ་གྱི་རྨང་གཞི་བཏིང་ཡོད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཞིབ་བཟོའི་ལྟེ་བའི་ལྷུ་ལག་དང་སྒྲིག་ཆས་མིག་སྔར་ཁྱབ་སྤེལ་བེད་སྤྱོད་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།