འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་རང་ཉེས་ངོས་ལེན་ཞུ་ཡིག་སྟེ་《རི་པིན་གྱིས་ཀྲུང་
    གོར་བཙན་འཛུལ་བྱས་པའི་གསང་བའི་ཏར·བདུན་པའི་ཚེས་བདུན་གྱི་དུས་
    འགྱུར་》ཞེས་པ་པེ་ཅིང་དུ་ཡོངས་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། འདི་ལོ་ནི་ཀྲུང་གོའི་མི་རིགས་ཡོངས་ཀྱིས་རི་འགོག་དམག་འཁྲུག་དང་དེ་བཞིན་བདུན་པའི་ཚེས་བདུན་གྱི་དུས་འགྱུར་ལངས་ནས་ལོ་80འཁོར་བའི་ལོ་ཞིག་རེད། ཚེས་19ཉིན་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གིས་རྒྱལ་ཁབ་དཔེ་སྐྲུན་སྒྲིག་གཞི་དང་མཉམ་འབྲེལ་ཐོག་པེ་ཅིང་དུ་《རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་གསང་བའི་ཏར་·བདུན་པའི་ཚེས་བདུན་གྱི་དུས་འགྱུར་》ཞེས་པའི་དཔེ་དེབ་གསར་པ་ཡོངས་བསྒྲགས་དང་དཔེ་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དཔྱད་གཞི་ཕྱི་མོར་གཅེས་བཏུས་དེ་ནི་རྒྱལ་ནང་གིས་དེ་སྔའི་རི་པིན་དམག་སྲིད་དབང་འཛིན་ལས་ཁུངས་ཀྱི་གསང་བའི་ཏར་དང་ཡིག་ཚགས་ཀྱི་ཐོག་ནས་རི་པིན་གྱིས་བདུན་པའི་ཚེས་བདུན་གྱི་དུས་འགྱུར་བསླངས་པའི་ཀྲུང་གོར་བཙན་འཛུལ་གྱི་སྡིག་ཉེས་ཐེར་འདོན་བྱེད་ཐེངས་དང་པོ་དེ་ཡིན་ལ་དེ་ནི་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་རང་ཉེས་ངོས་ལེན་ཞུ་ཡིག་ཅིག་ཀྱང་རེད་ཅེས་བརྗོད་ཆོག
           ངོ་སྤྲོད་བྱས་པར་གཞིགས་ན། དེབ་དེ་ཁག་གསུམ་ལ་བགོས་ཡོད་པ་དང་ཁྱོན་དེབ་50ཡོད། གཞན་ཡང་དཀར་ཆག་དེབ་1བཅས་ཁྱོན་དེབ་51ཡོད་པ་རེད། དེའི་ནང་རི་པིན་གྱིས་བདུན་པའི་ཚེས་བདུན་གྱི་དུས་འགྱུར་ཇུས་འགོད་དང་བསླངས་པ་དེ་བཞིན་ཕྱོགས་ཡོངས་ནས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་རིང་གི་རི་པིན་དམག་དཔུང་དང་ཕྱི་དོན་པུའུ་སོགས་ནང་བློན་གྱི་སྡེ་ཚན་གཙོ་བོ་དང་དེ་བཞིན་ཕྱི་རྒྱལ་དུ་བཅའ་སྡོད་རི་པིན་གྱི་གཞུང་ཚབ་ཁང་དང་ཁེ་སྐྱོང་ལས་ཤག་གི་གསང་བའི་ཏར་དང་གསང་བའི་ཡིག་ཆ་བསྡུས་ཡོད། དུས་ཚོད་དེ་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་རྗེས་ནས་ཞི་བདེ་རྒྱ་མཚོའི་དམག་འཁྲུག་མ་ལངས་གོང་བར་ཡིན། ནང་དོན་ཐད་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་གོ་རིམ་དང་། ལྐོག་གཡོ་གཤོམ་པ། དམག་འཁྲུག་གི་ཐབས་ཇུས། གཡུལ་འགྱེད་བཀོད་སྒྲིག དམག་བཀའ་གཏོང་བ་དང་དེ་བཞིན་བཀོད་འདོམས་སོགས་ཚུད་ཡོད་ལ་རི་པིན་གྱིས་བདུན་པའི་ཚེས་བདུན་གྱི་དུས་འགྱུར་བསླངས་པ་དང་། ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་ཕྱོགས་ཡོངས་ནས་བསླངས་པ། ཀྲུང་གོར་བཙན་འཛུལ་བྱེད་རྒྱ་ཆེ་རུ་གཏོང་བའི་རྒྱུད་རིམ་བཅས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་ཡོད། རྩོད་ཐབས་བྲལ་བའི་དོན་དངོས་ཀྱི་ཐོག་ནས་བདུན་པའི་ཚེས་བདུན་དུས་འགྱུར་གྱི་སྔ་ནུབ་ཏུ་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་སྡིག་ཉེས་ཀྱི་ལོ་རྒྱུས་ཕྱོགས་ཡོངས་ནས་ཐེར་འདོན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།