འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།"མོ་ཙི་རྟགས་ཅན"སྲུང་སྐར་གྱིས་སྤྱི་ལེ་སྟོང་རིམ་པའི་ཚད་རྡུལ་འཁྲིལ་ བསངས་ལེགས་སྒྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཕན་ཅན་ཝུའེ་དང་དེའི་ལས་རོགས་ཕེང་ཁྲེང་ཀྲི་སོགས་ལས་གྲུབ་པའི་ཞིབ་འཇུག་ཚོགས་པས་ཀྲུང་གོ་ཚན་རིག་ཁང་དུ་བར་སྣང་ཚན་རིག་གི་འཐབ་ཇུས་རང་བཞིན་ལྡན་པའི་སྣེ་ཁྲིད་ཚན་རིག་གི་ཆེད་མངགས་རྒྱབ་སྐྱོར་ལ་བརྟེན་ནས“མོ་ཙི་རྟགས་ཅན”གྱི་ཚད་རྡུལ་ཚན་རིག་ཚོད་ལྟའི་སྲུང་སྐར་གྱིས་རྒྱལ་སྤྱིའི་ཐོག་སྤྱི་ལེ་སྟོང་རིམ་པའི་ས་ཆ་གཉིས་ལ་ཚད་རྡུའི་འཁྲིལ་བསངས་སྔོན་ལ་ལེགས་སྒྲུབ་བྱས་པ་དང་དེའི་རྨང་གཞིའི་ཐོག་བར་སྣང་གི་ཐིག་ཚད་འོག“ཨེ་དབྱིན་སི་ཐེན་ངེས་ཁོངས་རང་བཞིན་གྱི་ཆ་རྐྱེན”གྱི་ཚད་རྡུལ་ཤུགས་རིག་པའི་ངེས་ཁོངས་རང་བཞིན་མ་ཡིན་པའི་ཚོད་ལྟ་ནན་ཏན་ངང་ཐུབ་ནས་བར་སྣང་ཚད་རྡུལ་དངོས་ཁམས་ཞིབ་འཇུག་ཐད་ཚད་བརྒལ་ཆེན་པོ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།