འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒན་རྒོན་གྱི་ལྟ་རྟོག་ཞབས་ཞུའི་རྣམ་གྲངས་བཟོ་
    བ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》པར་འགྲེམས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《རྒན་རྒོན་གྱི་ལྟ་རྟོག་ཞབས་ཞུའི་རྣམ་གྲངས་བཟོ་བ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》(གཤམ་ལ་《བསམ་འཆར་》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པའི་ནང་། རང་རྒྱལ་གྱི་གནས་ཚུལ་ནས་འགོ་བཙུགས་པ་དང་རྒན་རྒོན་གྱི་ཞབས་ཞུའི་དགོས་མཁོར་གཞིགས་ཏེ་རྒན་རྒོན་གྱི་ལྟ་རྟོག་ཞབས་ཞུ་ལས་ཀའི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་ཡོད་པ་རེད།
            《བསམ་འཆར་》ནང་རྒན་རྒོན་གྱི་ལྟ་རྟོག་ཞབས་ཞུའི་གཙོ་གནད་ལས་འགན་ཁག་20ཁ་གསལ་བཏོན་པ་སྟེ། ཕྱོགས་ཡོངས་ནས་དཔལ་འབྱོར་ཆ་རྐྱེན་ཞན་ལ་ལོ་ན་མཐོ་བ་དང་རང་རྐྱ་མི་འཕེར་བའི་རྒན་རྒོན་གྱི་ཁ་གསབ་ལམ་ལུགས་འཛུགས་པ་དང་། ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བ། ལོ་80ལོན་པ་དང་དེ་ཡན་གྱི་རྒན་རྒོན་ཚོ་བུ་ཕྲུག་དང་མཉམ་དུ་ཐེམ་ཐོ་སྤོ་བ། རྒན་རྒོན་སྡོད་རྒྱུར་འཚམ་པའི་སྡེ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་གྱིས་རྒན་རྒོན་ལ་གཟིགས་སྐྱོང་དང་སྟབས་བདེ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་པ། ལོ་ལྟར་ལོ་65ལོན་པ་དང་དེ་ཡན་གྱི་རྒན་རྒོན་ལ་རིན་མེད་ངང་གཟུགས་པོ་བརྟག་དཔྱད་བྱེད་པའི་བདེ་ཐང་དོ་དམ་གྱི་ཞབས་འདེགས་ཞུ་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རྒན་གསོའི་ཞབས་ཞུ་མཉམ་འདྲེས་འཕེལ་རྒྱས་ལ་ལྕག་སྐུལ་གཏོང་བ། འབྲེལ་ཡོད་ལས་རིགས་སློབ་གླིང་དང་གསོ་སྦྱོང་སྒྲིག་གཞིར་རྒན་རྒོན་ལ་ཕྱོགས་པའི་ནད་ཞབས་སློབ་ཚན་ཁྲིད་པའམ་ཡང་ན་ཆེད་དོན་རྩལ་ནུས་གསོ་སྦྱོང་བྱ་རྒྱུར་ལྕག་སྐུལ་བྱེད་པ། ཁྱིམ་ཚང་གི་རྒན་གསོའི་རྒྱབ་སྐྱོར་སྲིད་ཇུས་བཟོ་བ། རྒན་རྒོན་གྱི་སློབ་གསོའི་ཐོན་ཁུངས་རྒན་རྒོན་ཚོར་འདྲ་མཉམ་དང་གོ་རིམ་ལྡན་པའི་ངང་སྒོ་དབྱེ་བ། རྒན་རྒོན་ཚོས་རིག་གནས་རོལ་རྩེད་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་རྒན་རྒོན་གྱི་སྨན་བཅོས་དང་། ཟས་གོས་སྡོད་གསུམ། རོལ་རྩེད་སོགས་དམངས་འཚོའི་ཕྱོགས་གང་ས་ཅི་ཐད་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།