འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས“ཤེས་རབ་ཀྱི་སྤྱན”ཞེས་པའི་སྲུང་སྐར་གྱི་འཁོར་ལམ་ཐོག་མའི་གྲངས་གཞི་བདེ་
    བླག་ངང་བསྡུ་ལེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་རྒྱང་ཚོར་དང་གྲངས་གཞིའི་གོ་ལ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་རྒྱང་ཚོར་སྲུང་སྐར་ས་ངོས་ས་ཚིགས་ཀྱི་ཁེ་ཧྲེ་ས་ཚིགས་ཀྱིས་ཚེས་16ཉིན་སྲུང་སྐར་གྱི་བསྐོར་བ་ཐེངས་16པས་Xའཕྲོ་འོད་ལེགས་སྒྲིག་རྒྱང་ཤེལ་སྲུང་སྐར“ཤེས་རབ་ཀྱི་སྤྱན”གྱི་འཁོར་ལམ་ཐོག་མ་བརྒྱུད་པའི་གྲངས་གཞི་བདེ་བླག་ངང་རྗེས་སྙེགས་དང་བསྡུ་ལེན་བྱས་པ་དང་འབྲེལ། བསྡུ་ལེན་བྱས་པའི་སྲུང་སྐར་གྱི་གྲངས་གཞི་དག་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་བར་སྣང་ཚན་རིག་ལྟེ་གནས་སུ་བརྒྱུད་སྐྱེལ་བྱས་པ་རེད།
           “ཤེས་རབ་ཀྱི་སྤྱན”ནི་རྒྱལ་སྲུང་ཁོའོ་བཟོ་ལས་ཅུས་ཀྱིས་ཀྲུང་གོ་ཚན་རིག་ཁང་དང་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ལག་ལེན་བསྟར་བའི་བར་སྣང་ཚན་རིག་རྣམ་གྲངས་ཤིག་རེད། 2011ལོའི་ཟླ་བ་གསུམ་པར་རྣམ་གྲངས་ཚུགས་པ་དང་ལག་ལེན་བསྟར་བ་དང་སྲུང་སྐར་དེ་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པ་ཀུང་སི་ཀྲུང་གོ་བར་སྣང་ལག་རྩལ་ཞིབ་འཇུག་ཁང་གིས་ཞིབ་བཟོ་བྱས་པ་དང་རང་རྒྱལ་གྱིས་བར་སྣང་གི་ནུས་ཆེའི་སྐར་མའི་གོ་ལའི་དངོས་ཁམས་ལ་ཞིབ་འཇུག་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།