འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་1ནས་5བར་ཕྱི་ཕྱོགས་ལ་ཐད་ཀར་མ་དངུལ་འཇོག་ཚད་ཨ་སྒོར་དུང་ཕྱུར་345.9ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་ཚོང་དོན་པུའི་མཉམ་ལས་སིའི་འགན་འཁུར་བས་ཟླ་དང་པོ་ནས་ལྔ་པའི་བར་རང་རྒྱལ་མངའ་ཁོངས་སུ་མ་འཇོག་མཁན་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་145ཡི་ཕྱི་རྒྱལ་ཁེ་ལས་3121ལ་དངུལ་རྩའི་རིགས་མ་ཡིན་པའི་ཐད་ཀར་མ་འཇོག་བྱས་པ་བསྡོམས་ཨ་སྒོར་དུང་ཕྱུར་345.9ཟིན་པ་དེ་དུས་མཚུངས་ལས་53%ཆག་ཡོད། ཟླ་བ་ལྔ་པ་དེར་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་82.2བྱས་པ་དེ་དུས་མཚུངས་ལས་38.8%ཆག་ཡོད་ཅེས་ངོ་སྤྲོད་བྱས།
          ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་མཁན་རྒྱལ་ཁབ་ཀྱི་ཁྱབ་ཚུལ་ནས་བལྟས་ཚེ། ཟླ་བ་དང་པོ་ནས་ལྔ་པ་བར“རྒྱུད་གཅིག་ལམ་གཅིག”རྒྱུད་ཀྱི་རྒྱལ་ཁབ་45ཡིས་གསར་དུ་མ་འཇོག་བྱས་པ་བསྡོམས་དངུལ་རྩའི་རིགས་མ་ཡིན་པའི་ཐད་ཀར་མ་འཇོག་ཨ་སྒོར་དུང་ཕྱུར་49.9ཟིན་པ་དེས་དུས་མཚུངས་བསྡོམས་འབོར་གྱི་14.4%བཟུང་བ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་6.7འཕར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།