འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་འགན་འཁུར་བས་རང་རྒྱལ་དུ་སྨན་ཁང་
    དུ་སྡོད་པའི་སྨན་པ་དཀའ་བཅུ་པ་ཁྲི་29གསོ་སྦྱོང་བྱས་ཟིན་ཞེས་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན་གཉེར་བའི“ཀྲུང་གོའི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་རྒྱལ་སྤྱིའི་སློབ་གསོ་གསོ་སྦྱོང་ཚོགས་ཆེན་སྐབས་བཞི་པའི”ཐོག་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་དབྱི་ཤིང་གིས་2013ལོར་རྒྱལ་ཁབ་ཀྱི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་ཚད་ལྡན་ཡོང་བ་བྱེད་པའི་ལམ་ལུགས་བཙུགས་པ་ནས་བཟུང་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་ཁྲི་29གསོ་སྦྱོང་བྱས་ཟིན་ཡོད་ཅེས་བཤད། རིགས་གཅིག་མཁས་ཅན་གྱིས་མིག་སྔར་རང་རྒྱལ་གྱི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་རིམ་བཞིན་རྒྱལ་སྤྱི་དང་སྦྲེལ་མཐུད་ཐུབ་ནས་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱལ་ཁབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གསོ་རིག་གི་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྦྱོང་བྱས་ནས་མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་ཆེད་སྤུས་ཚད་མཐོ་བའི་ཤེས་ལྡན་པའི་འདེགས་སྐྱོར་མཁོ་འདོན་བྱས་ཡོད་ཅེས་བཤད།
           རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཙེང་དབྱི་ཤིང་གིས་ཚོགས་ཆེན་ཐོག་2013ལོ་ནས་བཟུང་རང་རྒྱལ་གྱིས་ཀྲུང་གོའི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་ལག་ལེན་བསྟར་བ་ནས་བཟུང་། ད་བར་གསོ་སྦྱོང་བྱས་པའི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་མི་གྲངས་ཁྲི་29(ཆེད་ལས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཚུད)ཟིན་ཡོད། ན་ནིང་ནས་བཟུང་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་སླར་ཡང་《ཆེད་ཚན་སྨན་པ་དཀའ་བཅུ་པ་ཚད་ལྡན་ཅན་གྱི་གསོ་སྦྱོང་ལམ་ལུགས་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཟོས་པ་དང་ཁག་ཐེངས་དང་པོར་ཆེད་ཚན་3བདམས་ནས་ཚོད་ལྟ་བྱས་ཡོད་ཅེས་བཤད།
          ཀྲུང་གོའི་སྨན་པ་དཀའ་བཅུ་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཡན་ལིང་གིས་2013ལོར་རང་རྒྱལ་གྱི་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་ཚད་ལྡན་ཅན་གྱི་ལམ་ལུགས་དངོས་སུ་བཙུགས་པ་དང་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་གསོ་སྦྱོང་གི་ལམ་ལུགས་ཆ་ཤས་ཤིག་འཚོལ་ཞིབ་བྱེད་པ་ནས་ཁྱོན་ཡོངས་ལག་ལེན་བསྟར་བའི་བར་མཆོང་སྐྱོད་བྱུང་ཡོད། སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི་གསོ་སྦྱོང་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་གྲུབ་ཟིན་པ་དང་། དོ་དམ་མ་ལག་གཞི་རྩའི་ཆ་ནས་བཙུགས་ཟིན་པ། གསོ་སྦྱོང་མ་ལག་ཀྱང་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་པ། འགན་ལེན་མ་ལག་ཀྱང་གཞི་རྩའི་ཆ་ནས་གྲུབ་ཟིན་ཡོད། “སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པའི”གསོ་སྦྱོང་ནང་སློབ་མ་བསྡུ་བའི་མི་གྲངས་ལོ་རེ་བཞིན་མང་དུ་བཏང་བ་དང་ཕན་འབྲས་ཀྱང་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ནས་རྒྱལ་སྤྱི་དང་སྦྲེལ་མཐུད་ཐུབ་སྟེ་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གསོ་རིག་གི་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྦྱོང་བྱས་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།