འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་མི་ཁྲི་བརྒལ་བའི་ལས་རིགས་ཞིང་འབྲོག་པ་ གསར་པ་གསོ་སྐྱོང་བྱ་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་18ཉིན། 15:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཞིང་འབྲོག་པ་གསོ་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རིག་གནས་ལྡན་པ་དང་། ལག་རྩལ་ཤེས་པ། གཉེར་སྐྱོང་ཐུབ་པ། དོ་དམ་མཁས་པ་བཅས་ཀྱི་ལས་རིགས་ཞིང་འབྲོག་པ་གསར་པའི་དཔུང་ཁག་ཅིག་གང་མགྱོགས་འཛུགས་རྩིས་ཡོད། འཆར་གཞི་ལྟར་ན་2020ལོར་སླེབས་སྐབས་རྫོང་(ཆུས)74ཚང་མར་ཁྱབ་པ་བྱ་རྒྱུ་དང་ལས་རིགས་ཞིང་འབྲོག་པ་གསར་པ་མི་ཁྲི་གཅིག་ཡན་གསོ་སྐྱོང་བྱ་རྒྱུ་མ་ཟད། གཏན་འཁེལ་ཡང་བྱ་རྒྱུ་རེད།
            ངོ་སྤྲོད་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་གཙོ་བོ“ཕྱོགས་གསུམ་གཞི་གཅིག”(སློབ་གསོ་གསོ་སྦྱོང་དང་། གཏན་འཁེལ་དོ་དམ། སྲིད་ཇུས་རོགས་སྐྱོར་བཅས་ཡིན་པ)དང་། རིགས་གསུམ་མཐུན་སྦྱོར་(ཐོན་སྐྱེད་གཉེར་སྐྱོང་རིགས་དང་། ཆེད་ལས་རྩལ་ནུས་རིགས། ཆེད་ལས་ཞབས་ཞུའི་རིགས་བཅས་ཡིན་པ)རིམ་གསུམ་སྦྲེལ་མཐུད་(དམའ་འབྲིང་མཐོ་གསུམ་ཡིན་པ)བཅས་ཀྱི་ལས་རིགས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་ལམ་ལུགས་མ་ལག་འཚོལ་ཞིབ་བྱས་ཏེ་ཆེད་ལས་དུད་ཚང་ཆེ་མོ་དང་། ཁྱིམ་ཚང་གི་ཞིང་རའི་བདག་པོ། ཞིང་འབྲོག་པའི་མཉམ་ལས་ཁང་གི་འགན་འཁུར་བ། ཞིང་འཕྲུལ་གཏོང་མཁན་སོགས་གསོ་སྦྱོང་བྱ་ཡུལ་གཙོ་བོར་བརྩིས་ནས་བརྒྱུད་རིམ་ཧྲིལ་པོའི་རྗེས་སྙེགས་གསོ་སྐྱོང་གིས་ཐོན་སྐྱེད་མཁས་པ་དང་གཉེར་སྐྱོང་བྱེད་ཤེས་པའི་ལས་རིགས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་བྱ་རྒྱུ་རེད། ལས་རིགས་ཞིང་འབྲོག་པ་གསར་པ་གསོ་སྐྱོང་འདུ་འགོད་ལག་བསྟར་བྱས་པ་བརྒྱུད་ཤེས་ལྡན་མི་སྣའི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་དང་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཕྱོགས་སུ་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་ལས་ལ་ཕན་འཕར་དང་ཞིང་འབྲོག་པར་འབབ་འཕར་ཡོང་བ་བྱ་རྒྱུ་རེད།
           གཞན་ཡང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་ད་དུང་ཞིང་འབྲེལ་སློབ་ཆེན་དང་སློབ་གླིང་དང་། ཚན་ཞིབ་ཁང་དང་སུའོ། ཞིང་ལས་རྩལ་ནུས་ཁྱབ་གདལ་སྒྲིག་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཞིང་འབྲོག་ལས་ཁེ་ལས་དང་། ཁུལ། མཉམ་ལས་ཁང་སོགས་སུ་ཁྲོམ་རའི་བྱེད་པོ་འཛུགས་པ་དང་དངོས་སྦྱོང་རྟེན་གཞི་དང་ཞིང་འབྲོག་པའི་ཞིང་ནང་སློབ་གྲྭར་ཞུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཕན་རང་བཞིན་གྱི་ཞིང་འབྲེལ་གསོ་སྦྱོང་སྒྲིག་གཞི་བྱེད་པོར་བྱེད་པ་དང་ཐོན་ཁུངས་སྣེ་མང་དང་ཁྲོམ་རའི་བྱེད་པོ་མཉམ་དུ་ཞུགས་པའི“བྱེད་པོ་གཅིག་དང་ཚན་པ་མང་པོའི”ལས་རིགས་ཞིང་འབྲོག་པ་གསར་པའི་སློབ་གསོ་གསོ་སྦྱོང་མ་ལག་ཅིག་རིམ་བཞིན་ཆགས་པ་བྱས་ཡོད།“དུས་མཚམས་དབྱེ་བ་དང་། དངོས་སྦྱོང་ལ་སྣང་ཆེན། དེའི་ནང་ཞུགས་པ”བཅས་ཀྱི་གསོ་སྦྱོང་རྣམ་པ་འཚོལ་ཞིབ་བྱས་ཏེ་གསོ་སྦྱོང་བྱ་ཡུལ་མཛོད་དང་། དགེ་རྒན་གྱི་མཛོད། སློབ་གཞིའི་མཛོད། རྟེན་གཞིའི་མཛོད་བཅས་འཛུགས་སྐྱོང་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་དེང་རབས་ཅན་གྱི་བྱེད་ཐབས་སྤྱད་དེ་ལས་རིགས་ཞིང་འབྲོག་པ་གསར་པར་དྲ་རྒྱའི་སློབ་གསོ་གསོ་སྦྱོང་དང་། ཆ་འཕྲིན་ལག་རྩལ་བློ་འདྲི། གཏན་འཁེལ་དོ་དམ་དཔྱད་ཞིབ། རྗེས་སྙེགས་ཞབས་ཞུ་སོགས་ཐུབ་པ་བྱས་ནས་སློབ་གསོ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་། ཚད་ལྡན་རང་བཞིན། ནུས་ཆེའི་རང་བཞིན་བཅས་ཆེ་རུ་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།