འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དཔེ་དེབ་ཅེ་རུས་ས་ལེམ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་སྐབས་28པའི་ནང་
    ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་། སྐབས་28པའི་ཅེ་རུས་ས་ལེམ་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་ཅེ་རུས་ས་ལེམ་གྱི་མེ་འཁོར་བབས་ཚུགས་དང་པོའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་རེད། ཀྲུང་གོའི་དཔེ་དེབ་འགྲེམས་སྟོན་དེའི་ནང་ཞུགས་ཐེངས་དང་པོ་ཡིན་པས་ཀློག་པ་པོ་མང་པོའི་ཡིད་དབང་བཀུག་ཡོད།
         ད་ཐེངས་ཀྱི་ཀྲུང་གོའི་དཔེ་དེབ་འགྲེམས་སྟོན་དེ་ཀྲུང་གོ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་ཀྲུང་གོ་སློབ་གསོ་དཔེ་དེབ་ཕྱིར་གཏོང་ནང་འདྲེན་ཚད་ཡོད་ཀུང་སིས་གཉེར་རོགས་བྱས་པ་ཞིག་ཡིན། དེའི་ནང་རྒྱལ་ནང་གི་དཔེ་སྐྲུན་ཚན་པ་17ལས་གྲུབ་པའི་ཀྲུང་གོ་དཔེ་སྐྲུན་འཐུས་མི་ཚོགས་པ་འགྲེམས་སྟོན་ནང་ཞུགས་ཡོད།
          དཔེ་དེབ་འགྲེམས་སྟོན་ཐོག་ཀྲུང་གོ་ཕྱོགས་ཀྱི་ལས་དོན་མི་སྣས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》དང་《རྒྱུད་གཅིག་ལམ་གཅིག ཀྲུང་གོ་དར་རྒྱས་བྱུང་ན་འཛམ་གླིང་ལ་གང་སྦྱིན་ནམ་》ཞེས་པ་སོགས་ཀྱི་དཔེ་དེབ་རྩེ་གྲ་གཙོ་གནད་ཐོག་ངོ་སྤྲོད་བྱས་ནས་ལྟ་སྐོར་བ་མང་པོའི་དཔེ་དེབ་ཀློག་རྒྱུའི་ཡིད་དབང་བཀུག་པ་མ་ཟད། གདེང་འཇོག་ཀྱང་བཟང་པོ་ཐོབ་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། དཔེ་དེབ་འགྲེམས་སྟོན་བྱེད་རིང་ཀྲུང་གོ་དཔེ་སྐྲུན་འཐུས་མི་ཚོགས་པས་དབྱི་སི་རལ་གྱི་དཔེ་སྐྲུན་ཁང་མང་པོ་དང་པར་དབང་ཉོ་ཚོང་གི་གྲོས་མོལ་བྱ་རྒྱུ་དང་ཕྱོགས་གཉིས་པོས་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ནང་སྤེལ་རེས་དང་མཉམ་ལས་གཏིང་ཟབ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།