འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་སྐུ་ཚབ་ཀྱིས་ཀྲུང་གོས་ས་འོག་འབར་མདེལ་སོགས་འབར་རྫས་ཀྱི་གནོད་པ་སེལ་
    རྒྱུའི་མི་ཆོས་རིང་ལུགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་16ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝུའུ་ཧའེ་ཐའོ་ཡིས་ས་འོག་འབར་མདེལ་གྱི་མི་མངོན་པའི་རྐྱེན་ངན་གནས་པའི་རྒྱལ་ཁབ་དང་མི་དམངས་ཀྱིས་བདེ་འཇགས་དང་འཕེལ་རྒྱས་སྐོམ་པ་ཆུ་འདོད་ལྟར་ཡོང་རེ་བྱེད་པར་ཀྲུང་གོས་བསམ་ཤེས་བྱེད་ཐུབ་ལ་རྒྱལ་སྤྱིའི་འོས་འགན་ཁག་སྔར་རྒྱུན་བཞིན་ལག་ལེན་ཏན་ཏིག་བསྟར་ནས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ས་འོག་འབར་མདེལ་སོགས་འབར་རྫས་ཀྱི་གནོད་པ་སེལ་རྒྱུའི་མི་ཆོས་རིང་ལུགས་ཀྱི་དོ་ཁུར་བྱ་ཡུལ་ལ་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
          གོང་ཚེས་ཉིན་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ས་འོག་འབར་མདེལ་གྱི་བྱ་སྤྱོད་དང་འབར་རྫས་ཀྱི་འཇིགས་སྣང་གནད་དོན་ཆུང་དུ་གཏོང་བའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། ཝུའུ་ཧའེ་ཐའོ་ཡིས་གཏམ་བཤད་སྤེལ་སྐབས་མིག་སྔར་དམག་འཁྲུག་དང་དྲག་པོའི་གདོང་ཐུག་གི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་མི་ཉུང་བར་ས་འོག་འབར་མདེལ་དང་དམག་འཁྲུག་ལས་བྱུང་བའི་འབར་རྫས་ཀྱིས་མི་སེར་གྱི་ལུས་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བསྐྱར་སྐྲུན་ཐད་འགོག་རྐྱེན་བཟོ་ཡི་ཡོད་ཅེས་བརྗོད་པ་རེད།
         ཝུའུ་ཧའེ་ཐའོ་ཡིས་ཀྲུང་གོས་ས་འོག་འབར་མདེལ་སོགས་འབར་རྫས་ཀྱི་གནོད་པ་སེལ་རྒྱུའི་མི་ཆོས་རིང་ལུགས་ཀྱི་དོ་ཁུར་བྱ་ཡུལ་ལ་མཐོང་ཆེན་པོ་བྱེད་པ་དང་《རི་ནེ་ཝའི་སྤྱི་ཆིངས་》དང་། 《དམིགས་བཙུགས་བྱས་པའི་རྒྱུན་གཏན་གྱི་མཚོན་ཆའི་སྤྱི་ཆིངས་》སོགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཡིག་ཆར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད། ཀྲུང་གོ་ནི་《དམིགས་བཙུགས་བྱས་པའི་རྒྱུན་གཏན་གྱི་མཚོན་ཆའི་སྤྱི་ཆིངས་》དང་དེ་བཞིན་ཟུར་སྣོན་གྲོས་ཆོད་ཡི་གེ་ལྔ་བཞག་མཁན“ཁོངས་མིའི་རྒྱལ་ཁབ་གཙང་མ”ཡིན་པས་སྤྱི་ཆིངས་དང་དེ་བཞིན་འབྲེལ་ཡོད་གྲོས་ཆོད་ཡིག་ཆའི་འོས་འགན་ལྷག་བསམ་ཟོལ་མེད་ངང་ལག་ལེན་བསྟར་གྱི་ཡོད། ཀྲུང་གོས་ལོ་མང་རིང་《ཨོ་ཐེ་ཝའི་ས་འོག་འབར་མདེལ་གཏན་འགོག་སྤྱི་ཆིངས་》འཇོག་མཁན་རྒྱལ་ཁབ་དང་ཐོག་མཐའ་བར་གསུམ་དུ་སྤེལ་རེས་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ལྟ་ཞིབ་པའི་ངོས་ནས་སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་ཀྱི་ཚོགས་འདུ་དང་གྲོས་ཞིབ་ཚོགས་འདུར་ཞུགས་ཀྱི་ཡོད་ཅེས་བརྗོད་པ་རེད།
         ཝུའུ་ཧའེ་ཐའོ་ཡིས་ཀྲུང་གོས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་ས་འོག་འབར་མདེལ་གྱི་གནོད་པ་སེལ་རྒྱུའི་རོགས་སྐྱོབ་བྱ་གཞག་ལ་ཧུར་ཐག་གཞོལ་ནས་ས་འོག་འབར་མདེལ་གྱི་མི་མངོན་པའི་རྐྱེན་ངན་གནས་པའི་རྒྱལ་ཁབ་དང་གནོད་འཚེ་ཕོག་མཁན་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་སྐྱོར་བྱེད་ཀྱི་ཡོད། 1998ལོ་ནས་བཟུང་ཀྲུང་གོ་སྲིད་གཞུང་གིས་ས་འོག་འབར་མདེལ་གྱི་གནོད་པ་སེལ་བའི་གོ་མཚོན་སྤྲོད་པ་དང་། ས་འོག་འབར་མདེལ་གྱི་གནོད་པ་སེལ་བའི་ལག་རྩལ་གསོ་སྦྱོང་། དངུལ་ཞལ་འདེབས་རྒྱག་པ་སོགས་ལ་བརྟེན་ནས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་སོགས་ཀྱི་རྒྱལ་ཁབ་40ཙམ་ལ་རིན་ཐང་མི་དམངས་ཤོག་སྒོར་ཁྲི་9000རི་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པ་དང་ཆེད་ལས་ཀྱི་ས་འོག་འབར་མདེལ་གྱི་གནོད་པ་སེལ་མཁན་ལག་རྩལ་མི་སྣ་500ཙམ་ལ་གསོ་སྦྱོང་བྱས་ཡོད་ཅེས་བརྗོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ས་འོག་འབར་མདེལ་སོགས་འབར་རྫས་ཀྱི་གནོད་པ་ནུས་ལྡན་ངང་ཆུང་དུ་གཏོང་རྒྱུའི་མི་ཆོས་རིང་ལུགས་ཀྱི་དོ་ཁུར་བྱ་ཡུལ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚོགས་ཁོངས་རྒྱལ་ཁབ་ཀྱི་གཙོ་ཁྲིད་རྩ་དོན་མཐའ་འཁྱོངས་བྱེད་དགོས། ས་འོག་འབར་མདེལ་གྱི་མི་མངོན་པའི་རྐྱེན་ངན་གནས་པའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དགོས་མཁོར་བསམ་གཞིག་གང་ལེགས་བྱས་ནས་རྒྱལ་ཁབ་ཁག་གིས་ས་འོག་འབར་མདེལ་གྱི་གནོད་པ་སེལ་བའི་ལས་དོན་ནང་ཞུགས་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་ནས་དེའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཝུའུ་ཧའེ་ཐའོ་ཡིས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།