འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་1500བར་མཐོ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་9ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་5ཚེས་1ཉིན་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་1500བར་གཅིག་གྱུར་ལེགས་སྒྲིག་བྱས་ནས་ཆུ་ཚོད་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་སྒོར་15.2བར་གཅིག་གྱུར་བཟོས་པ་རེད། འདི་ལོ་ནི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་མཐོ་རུ་གཏོང་ཐེངས་9པ་ཡིན་པ་དང་འཕར་ཚད་19%ཟིན་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ད་ལྟ་ལག་བསྟར་བྱེད་མུས་ཀྱི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་ཟླ་རེར་སྒོར་1250དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུ་ཟླ་རེར་སྒོར་1260 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུ་ཟླ་རེར་སྒོར་1270བཅས་ཡིན་པ་དང་ཞིང་ཆེན་དེ་ཡོངས་སུ་ཟླ་རེར་མི་རེར་སྒོར་1500བར་གཅིག་གྱུར་བཟོས་པ་རེད། ཆུ་ཚོད་རེར་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་དུ་ཆུ་ཚོད་རེར་སྒོར་12.7དང་། མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུ་ཆུ་ཚོད་རེར་སྒོར་12.8 མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཅས་སུ་ཆུ་ཚོད་རེར་སྒོར་12.9བཅས་ཡིན་པ་དང་ཞིང་ཆེན་ཡོངས་སུ་ཆུ་ཚོད་རེར་སྒོར་15.2བར་གཅིག་གྱུར་བཟོས་པ་རེད།
         མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཡན་ཧྲན་གྱིས་ད་ཐེངས་ལེགས་སྒྲིག་བྱས་པ་བརྒྱུད་མཚོ་སྔོན་གྱི་དེ་སྔའི་རིགས་མི་འདྲ་བ་གསུམ་གྱི་ཚད་གཞི་དེ་གཅིག་ཏུ་ཟླ་སྒྲིལ་བཏང་བ་དང་། ཕྱོགས་གཅིག་ནས་རྒྱལ་ཡོངས་ས་གནས་ཁག་གི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ཚང་མ་ནི་ཞིང་ཆེན་ལྟེ་བའི་གྲོང་ཁྱེར་དེ་གྲོང་ཁྱེར་(ཀྲོའུ་)ཁག་ལས་མཐོ་བ་དང་མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ཡོངས་ཁྱབ་གནས་ཚུལ་ལ་གཞིགས་པ་དེས་ས་གནས་ཁག་གི་ཚོང་འགུག་མ་འདྲེན་དང་ལས་ཞུགས་ལས་གཏོད་བྱེད་པར་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད་པར་བསམ་གཞིག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་སྔར་ཡོད་ཀྱི་རིགས་མི་འདྲ་བ་གསུམ་གྱི་ཚད་གཞིའི་ཧེ་བག་སྒོར་10ཙམ་ལས་མེད་པས་དངོས་སུ་ལག་བསྟར་བྱེད་སྐབས་ཧེ་བག་རང་བཞིན་གྱི་མཛུབ་སྟོན་དོན་སྙིང་མཚོན་དཀའ་བས་ཞིང་ཆེན་དེ་ཡོངས་ཀྱི་གཅིག་གྱུར་ཚད་གཞི་ལག་ལེན་བསྟར་ཚེ་ས་གནས་དེ་གའི་ད་ལྟའི་འཕེལ་རྒྱས་རྣམ་པ་དང་དེ་བས་མཐུན་པ་མ་ཟད། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་དབར་ལྟ་སྐུལ་དོ་དམ་སྟབས་བདེ་རུ་འགྲོ་ཐུབ་ཅེས་ངོ་སྤྲོད་བྱས།
      

    ཕྱོགས་བསྡུས་གསར་འགྱུར།