འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་བ་དང་པོ་ནས་ལྔ་པ་བར་གྱི་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་
    10%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བ་ལྔ་པར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་16073ཟིན་པ་དེ་དུས་མཚུངས་ལས་3.7%འཕར་ཡོད། ཟླ་བ་དང་པོ་ནས་ལྔ་པ་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་77224ཟིན་པ་དེ་དུས་མཚུངས་ལས་10%འཕར་ཡོད།
         ནོར་སྲིད་གཏོང་སྒོའི་གནས་ཚུལ་ལ་བལྟས་ན། ཟླ་བ་དང་པོ་ནས་ལྔ་པ་བར་རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་76467ཟིན་པ་དེ་དུས་མཚུངས་ལས་14.7%འཕར་བ་དང་དེའི་ནང་སློབ་གསོའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་11347ཟིན་པ་དེ་14.3%འཕར་བ་དང་། ཚན་རྩལ་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་2032ཟིན་པ་དེ་25.9%འཕར་བ། རིག་གནས་ལུས་རྩལ་དང་སྨྱན་སྦྱོར་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་934ཟིན་པ་དེ་7.7%འཕར་བ། སྤྱི་ཚོགས་འགན་ལེན་དང་ལས་ཞུགས་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་11791ཟིན་པ་དེ་21.2%འཕར་བ། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཐད་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་6454ཟིན་པ་དེ་17.6%འཕར་བ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།