འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དངུལ་བུན་གཏོང་ཚད་རྒྱལ་ཡོངས་ཀྱི་
    ཨང་དང་པོ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་། ཟླ་བཞི་པའི་ཟླ་མཇུག་བར་བོད་ལྗོངས་ཀྱི་དངུལ་རྩའི་སྒྲིག་གཞིས་བཏང་བའི་ཁེ་ལས་ཆུང་གྲས་ལ་བཏང་བའི་བུ་ལོན་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་ལྷག་གྲངས་སྒོར་དུང་ཕྱུར་828.67ཟིན་པ་དེ་དུས་མཚུངས་ལས་96.68%འཕར་བ་དང་ཁེ་ལས་ཆེས་ཆུང་གྲས་ལ་བཏང་བའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་87.07ཟིན་པ་དེ་དུས་མཚུངས་ལས་33.34%འཕར་ནས་བོད་ཀྱི་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དངུལ་བུན་བཏང་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་ལ་དངུལ་བུན་བཏང་ཚད་ཆེས་ཆེར་འཕར་བ་དེ་ཐོག་ནས་བོད་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བ་ར་སྤྲོད་བྱས་ཡོད།
         ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་གཙོ་བོར་བྱེད་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་དཔལ་འབྱོར་དར་རྒྱས་དང་། དམངས་འཚོ་ལེགས་གཏོང་། ལས་ཞུགས་འཕར་བ་སོགས་ཐད་ནུས་པ་གལ་ཆེན་ཐོན་ཡོད། ལྷ་ས་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་ཐར་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་སྒེར་གཉེར་ཁེ་ལས་2439ནས་12717བར་མང་དུ་ཕྱིན་པ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་36085ནས་50495བར་མང་དུ་ཕྱིན་ནས་སྒེར་གཉེར་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བསྡོམས་འབོར་གྱིས་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཁྲོད་བཟུང་བའི་བསྡུར་གྲངས་ནི་19.7%དང་76%སོ་སོར་ཟིན་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱིས་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་ཕུལ་ཚད་70%ཡན་ཟིན་པ་དང་ལས་ཞུགས་ལས་གནས་མཁོ་འདོན་བྱེད་ཚད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ལས་གནས་ཀྱི་80%བཟུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།