འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཁོར་ཡུག་སྲུང་སྐྱོང་པུས"ཁོར་ཡུག་བཙོག་སྐྱོན་
    འགན་འཁྲིའི་བཙན་ཐབས་འགན་བཅོལ་དོ་དམ་བྱེད་ཐབས"སྐོར་ལ་ཡོངས་བསྒྲགས་
    ངང་བསམ་འཆར་བསྡུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀྲམས་པའི་《སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ཀྱི་སྤྱིའི་ཇུས་གཞིའི་》“ཉེན་ཚབས་ཆེ་བའི་ས་ཁོངས་སུ་ཁོར་ཡུག་བཙོག་སྐྱོན་གྱི་འགན་འཁྲིའི་བཙན་ཐབས་འགན་བཅོལ་ལམ་ལུགས་འཛུགས་རྒྱུའི”ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད། ཉེ་ཆར་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཁོར་ཡུག་སྲུང་སྐྱོང་པུས་མཉམ་དུ་ཞིབ་འཇུག་བྱས་ནས་བཟོས་པའི་《ཁོར་ཡུག་བཙོག་སྐྱོན་གྱི་འགན་འཁྲིའི་བཙན་ཐབས་འགན་བཅོལ་དོ་དམ་བྱེད་ཐབས(བསམ་འཆར་བསྡུ་བའི་མ་ཟིན་)》སྤྱི་ཚོགས་ལ་བཀྲམ་ནས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་བཞིན་ཡོད་པ་རེད།
         ཁོར་ཡུག་བཙོག་སྐྱོན་གྱི་འགན་འཁྲིའི་བཙན་ཐབས་འགན་བཅོལ་ཞེས་པ་ནི། ཉེན་ཚབས་ཆེ་བའི་ཁོར་ཡུག་ནང་ཐོན་སྐྱེད་དང་ཚོང་གཉེར་བྱེད་པའི་ཁེ་ལས་དང་བྱ་གཞག་ཚན་པའམ་ཡང་ན་ཐོན་སྐྱེད་དང་ཚོང་གཉེར་མཁན་གཞན་གྱིས་བཟོས་པའི་ཁོར་ཡུག་བཙོག་སྐྱོན་ལས་བྱུང་བའི་གནོད་འཚེའི་ཐད་འཁུར་དགོས་རིགས་ཀྱི་གུན་གསབ་ཚད་གཞིར་བྱེད་པའི་བཙན་ཐབས་ཀྱི་འགན་བཅོལ་ཞིག་ལ་ཟེར། 2007ལོ་ནས་རང་རྒྱལ་གྱིས་ས་ཁུལ་ཁག་གཅིག་ལ་ཁོར་ཡུག་བཙོག་སྐྱོན་གྱི་འགན་འཁྲིའི་འགན་བཅོལ་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། 2013ལོར་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་དང་ཁོར་ཡུག་སྲུང་སྐྱོང་པུས་མཉམ་དུ་ཡིག་ཆ་བཀྲམས་ནས་ཚོད་ལྟ་བྱེད་ཁྱོན་རྒྱལ་ཡོངས་ལ་ཁྱབ་པར་བྱས་ཡོད།
         བསམ་འཆར་མ་ཟིན་ནང་། 2005ལོ་ནས་བཟུང་ཤིན་ཏུ་ཚབས་ཆེན་དང་། ཚབས་ཆེའམ་ཡང་ན་ཐོལ་བྱུང་གི་ཁོར་ཡུག་དོན་རྐྱེན་ཆེན་པོ་ཐོན་པའི་ཁེ་ལས་ཡིན་ཕྱིན་ཁོར་ཡུག་བཙོག་སྐྱོན་གྱི་འགན་འཁྲིའི་བཙན་ཐབས་འགན་བཅོལ་ནང་ཞུགས་ན་ཡག་པོ་ཡོད་ཚུལ་དམིགས་བཀར་དུ་གཏན་འཁེལ་བྱས་ཡོད།
         བསམ་འཆར་བསྡུ་བའི་མ་ཟིན་ལ་གཞིགས་ཚེ། ཁོར་ཡུག་འགན་བཅོལ་གྱི་འགན་བཅོལ་འགན་འཁྲིའི་ནང་། མི་ག་པའི་མི་ལུས་ལ་གནོད་འཚེ་ཕོག་པ་དང་། མི་ག་པའི་རྒྱུ་ནོར་ལ་གྱོང་གུན་ཕོག་པ། སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་བ། འཕྲལ་སྡོམ་ཐག་གཅོད་དང་གཙང་བཟོ་བཅས་ཀྱི་འགྲོ་གྲོན་ཚུད་ཅིང་། ཁོར་ཡུག་བཙོག་སྐྱོན་གྱི་འགན་འཁྲིའི་བཙན་ཐབས་འགན་བཅོལ་ཐད་འགན་བཅོལ་གྱི་དོན་ཚན་དང་། རྨང་གཞིའི་འགན་བཅོལ་འགྲོ་གྲོན་དང་དེའི་ལེགས་སྒྲིག་རྟག་གྲངས་གཅིག་གྱུར་ངང་ལག་ལེན་བསྟར་རྒྱུ་མ་ཟད། འགན་བཅོལ་ཁེ་ལས་ཀྱིས་འགན་བཅོལ་བྱ་ཡུལ་མི་སྣའི་ཁོར་ཡུག་གི་ཉེན་ཁའི་འགྱུར་ལྡོག་ལ་གཞིགས་ནས་བབ་བསྟུན་འགྲོ་གྲོན་བསྡུ་བའི་ཚད་གཞི་ལག་ལེན་བསྟར་རྒྱུ་ཡིན་ལ། ཁོར་ཡུག་ཉེན་ཚབས་ཆེ་བའི་ཁེ་ལས་རིགས་མི་འདྲ་བར་གཞིགས་ནས་འགན་འཁུར་ཚད་གཞིའང་མི་གཅིག་པ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         བསམ་འཆར་བསྡུ་བའི་མ་ཟིན་ནང་འགན་འཁྲི་གཞན་ཡང་གསལ་པོ་བཏོན་པ་དཔེར་ན། ཟློག་ཐབས་བྲལ་བའི་རང་བྱུང་གནོད་འཚེ་དང་། ཁོར་ཡུག་བཙོག་སྐྱོན་བཏང་བའི་ཉེས་གསོག ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་བྱས་མེད་པ་སོགས་ལས་ཐད་ཀར་གནོད་འཚེ་བཟོས་རིགས་ལ་འགན་བཅོལ་བས་གུན་གསབ་བྱ་རྒྱུ་མིན་པ་ལྟ་བུ་ཡིན། ད་དུང་བསམ་འཆར་བསྡུ་ལེན་མ་ཟིན་ནང་། ཉེན་ཁའི་ཚོད་སྐོར་དང་། ལས་འཛོལ་རྩད་ཞིབ་འགན་བཅོལ། འགན་བཅོལ་དངུལ་ལེན་འདུན་ཞུ་སོགས་ལའང་གཏན་འབེབས་ཁ་གསལ་བྱས་ཤིང་། ལས་ཁུངས་ཚོགས་པ་དང་། ཁེ་ལས་དང་བྱ་གཞག་ཚན་པ། མི་སྒེར་བཅས་ཚང་མས་ཁོར་ཡུག་སྲུང་སྐྱོང་པུའུ་དང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་ལ་བསམ་འཆར་དང་གྲོས་འགོ་འདོན་ཆོག བསམ་འཆར་བསྡུ་བའི་དུས་ཚོད་2017ལོའི་ཟླ་7ཚེས་10ཉིན་བར་ཡིན།
         ལས་སྒོའི་མི་སྣས་ཁོར་ཡུག་འགན་འཁྲིའི་བཙན་ཐབས་འགན་བཅོལ་ལམ་ལུགས་འདི་ཁེ་ལས་ཀྱི་གཉེར་སྐྱོང་ཐོན་སྐྱེད་དང་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བ་ཡོད་པས་ཁོར་ཡུག་བཅོས་སྐྱོང་བྱ་བར་རམ་འདེགས་བྱེད་པའི་ཚོང་ལས་ཀྱི་བྱ་ཐབས་ནུས་ལྡན་ཞིག་ཡིན་པ་རྒྱལ་སྤྱིའི་ལག་ལེན་ལས་ར་འཕྲོད་བྱུང་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།