འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་སྣོན་འགྲན་བསྡུར་སྐབས་སྤོ་ལོ་ཤོར་བས་ཀྲུང་གོ་དང་སི་རི་ཡའི་རྐང་རྩེད་སྤོ་ལོ་རུ་ཁག་
    གཉིས་ཀྱི་སྐར་འབྲས་2:2ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དུས་སྣོན་འགྲན་བསྡུར་སྐབས་སྤོ་ལོ་ཤོར་བས་ཀྲུང་གོ་དང་སི་རི་ཡའི་རྐང་རྩེད་སྤོ་ལོ་རུ་ཁག་
གཉིས་ཀྱི་སྐར་འབྲས་2:2ཡིན་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་13ཉིན། ཨུ་རུ་སུའི་འཛམ་གླིང་བུམ་པའི་ཨ་ཤེ་ཡ་འགྲན་ཁུལ་གྱི་གྲ་སྒྲིག་འདེམས་སྒྲུག་འགྲན་བསྡུར་རིམ་ཁག་བཅུ་གཉིས་ནང་། ཀྲུང་གོ་དང་སི་རི་ཡའི་རྐང་རྩེད་སྤོ་ལོ་རུ་ཁག་གཉིས་ཀྱི་འགྲན་བསྡུར་མ་ལེ་ཞི་ཡ་རྒྱལ་ཁབ་ཀྱི་མ་ལིའུ་ཅ་གྲོང་ཁྱེར་དུ་བྱས་ཤིང་། ཀྲུང་གོའི་རྐང་རྩེད་སྤོ་ལོ་རུ་ཁག་སྐར་འབྲས་གཅིག་རྗེས་སུ་ལུས་པའི་སྐབས། རུ་མི་ཀའོ་ལིན་དང་ཝུ་ཞི་གཉིས་ཀྱིས་བསྟུད་མར་སྤོ་ལོ་རེ་བླུགས་པས། སྐར་འབྲས་ཀྱི་གནས་སྟབས་བསྒྱུར་བ་རེད། འོན་ཀྱང་། རྨས་མ་རྗེས་སྤོ་རྒྱག་པའི་ངལ་གསོ་སྐབས། ཡང་བསྐྱར་སྤོ་ལོ་ཤོར་བས། ཀྲུང་གོའི་རུ་ཁག་དང་འགྲན་ཡ་གཉིས་ཀྱི་སྐར་འབྲས་2:2སུ་གྱུར་པ་རེད།
           སི་རི་ཡ་རྒྱལ་ནང་གི་གནས་སྟབས་ཛ་དྲག་ཡིན་པར་གཞིགས་ན། ཐེངས་འདིའི་སི་རི་ཡ་དུ་སྤེལ་དགོས་པའི་འགྲན་བསྡུར་དེ་མ་ལེ་ཞི་ཡ་རྒྱལ་ཁབ་ཏུ་བཀོད་སྒྲིག་བྱས་པ་རེད། ལྟད་མོ་བའི་བཞུགས་སྟེགས་ཀྱི་ལྟད་མོ་བ་མང་ཆེ་བ་ནི་ཀྲུང་གོའི་རུ་ཁག་ལ་དགའ་མཁན་ཡིན་པས། ཁོང་ཚོས་དཔའ་སྐྱེད་ཀྱི་སྐད་སྒྲའི་ཁྲོད་དུ། ཀྲུང་གོའི་རུ་ཁག་གི་རུ་མི་ཚོས་འགྲན་བསྡུར་བྱེད་སྟངས་ངར་ཤུགས་ཧ་ཅང་ཆེན་པོ་ཡོད་པ་རེད།
           འགྲན་ཐེངས་འདི་རྫོགས་རྗེས། ཀྲུང་གོའི་རུ་ཁག་གི་སྐར་མ་ཁྱོན་བསྡོམས་6ཡིན་པ་དང་། ཚོགས་ཆུང་གི་ཨང་གསུམ་པ་དང་བཞི་པ་ཡིན་པའི་ཨུ་ཟ་བྷེ་ཁི་སི་ཐན་དང་སི་རི་ཡ་རྒྱལ་ཁབ་གཉིས་ཀྱི་རུ་ཁག་གི་རྗེས་སུ་ལུས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།དུས་སྣོན་འགྲན་བསྡུར་སྐབས་སྤོ་ལོ་ཤོར་བས་ཀྲུང་གོ་དང་སི་རི་ཡའི་རྐང་རྩེད་སྤོ་ལོ་རུ་ཁག་
གཉིས་ཀྱི་སྐར་འབྲས་2:2ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།