འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དཔའ་རྟུལ་རུ་ཁག་གིས་སྤྱིའི་སྐར་འབྲས་4-1གི་ཐོག་ནས་2016-2017ལོའི་NBA
    འགྲན་དུས་ཀྱི་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་14ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཟླ་6ཚེས་13ཉིན་གྱི་སྔ་དྲོར། 2016-2017ལོའི་NBAའགྲན་དུས་ཀྱི་རྟིང་རྩོད་འགྲན་བསྡུར་གྱི་འགྲན་ཐེངས་ལྔ་པ་འགོ་བརྩམས་པ་རེད། སྐར་མ་40ཡི་རིང་ཛ་དྲག་འགྲན་བསྡུར་བྱས་མཐར། གསེར་གྱི་མངའ་སྡེ་དཔལ་རྟུལ་རུ་ཁག་(GoldenStateWarriors)གིས་རང་སའི་འགྲན་ར་ནས་སྐར་འབྲས་129-120ཐོག་ནས་ཁ་ལེ་ཧྥེ་ལན་ཏི་སྐྱ་དམག་རུ་ཁག་(Cleveland Cavaliers)ཕམ་པར་བྱས་ཏེ་སྤྱིའི་སྐར་འབྲས་4-1ཡི་ཐོག་ནས་NBAགཟེབ་གྲུག་འགྲན་ཚོགས་ཀྱི་ཨང་དང་པོ་བླངས་པ་རེད།
          རུ་མིས་སྐར་མ་བླངས་པའི་ཕྱོགས་ནས། དཔའ་རྟུལ་རུ་ཁག་གི་ཏུ་ལན་ཐིས་སྐར་མ་39དང་། གྲུག་པང་7 རམ་འདེགས་ཐེངས་5བྱས་པ། ཁུ་ལིས་སྐར་མ་34དང་གྲུག་པང་6 རམ་འདེགས་10བྱས་པ། དབྱི་ཁོ་ཏཱ་ལས་སྐར་མ་20དང་རམ་འདེགས་3བྱས་པ། ཐང་ཕུའུ་སིམ་གྱིས་སྐར་མ་11དང་གྲུག་པང་5བླངས་པ། ཀུ་ལིན་གྱིས་སྐར་མ་10དང་གྲུག་པང་12 རམ་འདེགས་5བྱས་པ་རེད།
          སྐྱ་དམག་རུ་ཁག་གི་ཇན་མུ་སིས་སྐར་མ་41དང་གྲུག་པང་13 རམ་འདེགས་3བྱས་པ། ཨུག་ཝན་གྱིས་སྐར་མ་26དང་རམ་འདེགས་6བྱས་པ། ཧྲི་སྨི་སིས་སྐར་མ་25དང་གྲུག་པང་3བླངས་པ། ཐང་པུའུ་སིན་གྱིས་སྐར་མ་15དང་གྲུག་པང་8བླངས་པ། ལའེ་ཕུའུ་ཡིས་སྐར་མ་6དང་གྲུག་པང་10བླངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།