འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅༎བལ་བོའི་ཡུལ་སྐོར་སྣེ་ཤན་པར་ཀྲུང་གོའི་བོད་ལྗོངས་ཀྱི་ཤེས་བྱ་གསོ་སྦྱོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་12ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎བལ་བོའི་ཡུལ་སྐོར་སྣེ་ཤན་པར་ཀྲུང་གོའི་བོད་ལྗོངས་ཀྱི་ཤེས་བྱ་གསོ་སྦྱོང་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན་ལ། ཀ་ཏ་མན་རྡུར་བལ་བོའི་ཡུལ་སྐོར་སྣེ་ཤན་པ་60ལྷག་ཙམ་ལ་ཀྲུང་གོའི་བོད་ལྗོངས་ཀྱི་ཤེས་བྱའི་གསོ་སྦྱོང་བྱས་པ་རེད།
         གསོ་སྦྱོང་འདི་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྐྱོང་གནང་ཞིང་། བལ་ཡུལ་གྱི་ཨ་ནི་ཀ་མཐུན་ཚོགས་ཀྱིས་གསོ་སྦྱོང་ལ་ཞུགས་པའི་ཡུལ་སྐོར་སྣེ་ཤན་པ་བདམས་པ་ཞིག་རེད།
         ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་དང་ལོ་རྒྱུས་ཞིབ་འཇུག་ཁང་། སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་།  བོད་ལྗོངས་རིག་གནས་བཤམས་སྟོན་ཁང་བཅས་ནས་ཡོང་བའི་མཁས་པ་བཞིས་དོན་གཉེར་དག་ལ་བོད་ལྗོངས་ཐད་བདེན་པ་བདེན་དྲང་དང་ཁྱོན་ཡོངས་ནས་ཆ་རྒྱུས་ཤིག་ལོན་པར་བྱེད་ཕྱིར། བོད་ལྗོངས་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་བབ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས། སྲོལ་རྒྱུན་གྱི་ཐང་ག་འབྲི་ལུགས་སོགས་པའི་སྐོར་གྱི་ཤེས་བྱ་འཆད་འཁྲིད་བྱས་པ་རེད།
         ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཨན་ཆི་དབྱི་ཡིས། ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད་ཀྱིས་ཡུལ་སྐོར་བར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐོབ་བཞིན་ཡོད་ལ། བལ་བོའི་ཡུལ་སྐོར་སྣེ་ཤན་པས་ཡུལ་སྐོར་བར་ཀྲུང་གོའི་བོད་ལྗོངས་ཀྱི་ཤེས་བྱ་བརྒྱུད་སྒྲོག་བྱ་རྒྱུར་ནུས་ཤུགས་ཆེན་པོ་ལྡན་པ་རེད། "ད་རེས་ཀྱི་གསོ་སྦྱོང་འདིའི་དམིགས་ཡུལ་ནི་བལ་བོར་སྡོད་པའི་བོད་ཀྱི་རིག་གནས་བརྒྱུད་སྒྲོག་རུ་ཁག་ཞིག་འཛུགས་རྒྱུའི་ཆེད་དུ་ཡིན"ཞེས་གསུངས་པ་རེད།
         ཆོས་ལུགས་ཡུལ་སྐོར་ནི་བལ་བོའི་ཡུལ་སྐོར་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་ཡིན་ལ། བལ་བོའི་ཡུལ་སྐོར་བས་བོད་བརྒྱུད་ནང་བསྟན་ལ་ཆ་རྒྱུས་ལོན་འདོད་ཚེ། ཀྲུང་གོའི་བོད་ལྗོངས་ནི་བརྗོད་གཞི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། དེའང་རྐྱེན་སྣ་ཚོགས་པའི་དབང་གིས་ས་གནས་ཀྱི་ཡུལ་སྐོར་སྣེ་ཤན་པར་དེའི་སྐོར་གྱི་ཤེས་བྱ་དབུལ་བ་དང་། ལན་རེར་ནོར་སྐྱོན་ཡང་འདུག་པས། ད་རེས་ཀྱི་གསོ་སྦྱོང་འདིས་རྩ་བ་ཡོ་བསྲང་བྱེད་ཅིང་ཡོང་ཁུངས་གཙང་མ་བཟོ་བའི་རེ་བའང་ཡོད་ལུགས་བསྟན་པ་རེད།
         དེར་མ་ཟད། བལ་པོའི་ཐི་རི་བྷུ་ཝན་སློབ་ཆེན་(Tribhuvan University)གྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་ལེགས་སྐྱེས་སུ་ཕུལ་བའི་བཀའ་འགྱུར་བསྡུ་ཉར་བྱས་ཡོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།