འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎རང་རྒྱལ་གྱིས་བསྐྱར་དུ་སྤྱོད་ཆོག་པའི་གནམ་སའི་དབར་གྱི་འཕུར་སྐྱོད་འཕྲུལ་ཆས་ཐོན་གསར་པ་ཞིབ་
    སྤེལ་བྱེད་མུས་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ་པེ་ཅིང་དུ་འཚོག་བཞིན་པའི་2017ལོའི་གོ་ལ་ཧྲིལ་པོའི་འཇིག་རྟེན་འཕུར་སྐྱོད་འཚོལ་ཞིབ་ཚོགས་ཆེན་ཐོག ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིའུ་ཧྲེ་ཆོན་གྱིས་འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་བཟོ་ལས་ཐད"ཆ་འཕྲིན་ཅན་དང་། སྤྱི་ཚོགས་ཅན། ཁྲོམ་ར་ཅན། རྒྱལ་སྤྱི་ཅན"བཅས་འགག་རྩ་བཞིར་བྱས་ཏེ་ཚོང་དོན་གྱི་འཇིག་རྟེན་འཕུར་སྐྱོད་འཕེལ་རྒྱས་ཤུགས་ཆེན་གཏོང་བཞིན་ཡོད་པ་དང་། སྤྱི་ཚོགས་ཡོངས་དང་འཛམ་གླིང་ཡོངས་ཀྱི་སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་བྱ་རྒྱུར་དམིགས་ཏེ་མ་གནས་ཚོད་འཛིན་དང་བེད་སྤྱོད་སྟབས་བདེ་ལ་བློས་འཁེལ་བའི་འཇིག་རྟེན་འཕུར་སྐྱོད་ལག་རྩལ་དང་ཐོན་རྫས་འཕེལ་རྒྱས་གཏོང་བཞིན་ཡོད། དེའི་ནང་ཁོད་སྙོམས་འཕུར་འབབ་དང་བསྐྱར་དུ་སྤྱོད་ཆོག་པའི་གནམ་སའི་དབར་གྱི་འཕུར་སྐྱོད་འཕྲུལ་ཆས་ཐོན་གསར་པ་གསར་སྤེལ་བྱེད་པའི་ཐད་འཕེལ་རྒྱས་མངོན་གསལ་དོད་པོ་བྱུང་ཡོད་ཅེས་བཤད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།