འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་རིའི་གྲོང་ཁྱེར་ཤིས་ཡ་ཐུའུ་ཡིས་མངར་ཆ་ལྡན་པའི་བཏུང་བྱར་ཁྲལ་བསྡུ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་5ཉིན་ཨ་རིའི་གྲོང་ཁྱེར་ཤིས་ཡ་ཐུའུ་ཡི་དབྱི་ཧུའེ་གྲོས་ཚོགས་ཐོག་རླངས་ཆུའི་བཏུང་ཆ་སོགས་མངར་ཆ་ལྡན་པའི་བཏུང་བྱར་ཁྲལ་བསྡུ་བའི་ཁྲིམས་གཞིར་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་དང་ཁྲལ་དངུལ་དེ་བདེ་ཐང་བཟའ་བཅའི་ཐོན་ལས་དང་སློབ་གསོའི་རྣམ་གྲངས་ཐད་གཏོང་རྒྱུ་རེད།
         གནས་ཚུལ་སྤེལ་བ་ལྟར་ན། ཁྲིམས་གཞིའི་དེའི་ནང་པའེ་ཧྲེ་ཁེ་ལེ་དང་། ཁེ་ཁའུ་ཁེ་ལེ་དང་དེ་བཞིན་ལུས་རྩལ་གྱི་ནུས་པའི་རང་བཞིན་གྱི་བཏུང་བྱ་ཚོང་གཉེར་བྱེད་མཁན་གྱི་ས་ནས་ཨང་སི་རེར་ཨ་རིའི་དངུལ་སྐར་མ་1.75ཡི་ཁྲལ་དངུལ་བསྡུ་རྒྱུ་ཡིན་མོད། འོན་རྐྱང་མངར་ཆ་མེད་པའི་བཏུང་བྱ་ཁྲལ་བསྡུའི་ཁྱབ་ཁོངས་ནང་ཚུད་མེད་པའི་གཏན་འབེབས་བྱས་ཡོད།
         གཏན་འབེབས་གསར་པ་དེར་རྒྱབ་སྐྱོར་བྱེད་མཁན་ཚོགས་པས་བྱེད་ཐབས་དེ་ལས་མངར་ཆ་ལྡན་པའི་བཏུང་བྱ་འཚོང་མཁན་མེད་པ་འགྱུར་ནས་ཤ་རྒྱགས་དྲག་པ་དང་གཅིན་སྙི་ཟ་ཁུའི་ནད་ཕོག་མཁན་སོགས་ཉུང་དུ་འགྲོ་རྒྱུར་ཕན་པ་ཡོང་རེ་བྱེད་པའི་ངོས་འཛིན་བྱས།
         དེ་གོང་ཨ་རིའི་ཧྥེ་ཁྲེང་དང་། ཅིའུ་ཅིན་ཧྲན། ཨའོ་ཁེ་ལན་སོགས་གྲོང་ཁྱེར་གྱིས་མངར་ཆ་ལྡན་པའི་བཏུང་བྱར་ཁྲལ་བསྡུ་རྒྱུའི་ཆོག་མཆན་སྤྲད་ཡོད་མོད། འོན་ཀྱང་མོ་ཞི་ཁོ་ཀྲོའུ་གསར་པའི་ཁྲེང་ཟླ་ཧྥེ་གྲོང་ཁྱེར་གྱི་དབྱི་ཧུའེ་གྲོས་ཚོགས་ཐོག་འདི་ལོའི་ཟླ་5པར"རླངས་ཆུའི་བཏུང་བྱར་ཁྲལ་བསྡུ་བའི"ཁྲིམས་གཞི་དེ་ཁས་བླངས་མེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།