འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎ཁྲའོ་ཞན་གྱིས་གལ་ཆེའི་བསྒྲགས་གཏམ་གཉིས་པོ་ནི་ལྷོ་བྱང་འབྲེལ་བ་ལེགས་སུ་གཏོང་བའི་རྨང་གཞི་
    ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་6ཉིན་ཁྲའོ་ཞན་གྱིས་ཧན་གོ་སྲིད་གཞུང་ལ་ལྷོ་བྱང་གིས་མཉམ་དུ་སྤེལ་བའི་གལ་ཆེའི་བསྒྲགས་གཏམ་གཉིས་ལ་བརྩི་འཇོག་དང་ལག་བསྟར་བྱ་རྒྱུ་དེ་འབྲེལ་བ་ལེགས་སུ་གཏོང་བའི་རྨང་གཞིར་ངེས་པར་དུ་བརྩི་དགོས་ཞེས་བཤད་པ་རེད།
         དེ་ཉིན་ཁྲའོ་ཞན་གྱི་《ངལ་རྩོལ་གསར་འགྱུར་》ཐོག་མིང་བཀོད་རྩོམ་ཡིག་སྤེལ་བའི་ནང་ལྷོ་བྱང་འབྲེལ་བའི་ཉམས་ཉེན་རྩ་བ་ནས་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ལམ་ནི་《6·15ཐུན་མོང་བསྒྲགས་གཏམ་》དང་《10·4བསྒྲགས་གཏམ་》ལ་བརྩི་འཇོག་དང་ལག་བསྟར་བྱ་རྒྱུ་དེ་ཡིན་ཞེས་འཁོད་ཡོད།
         རྩོམ་ཡིག་ནང་ལྷོ་བྱང་གིས་དེ་གོང་གི་རྒྱལ་ཁབ་གཙོ་བདག་མཇལ་འཛོམས་ཐེངས་གཉིས་པའི་ནང་བསྒྲགས་གཏམ་སྤེལ་མྱོང་ཡོད། དེ་མི་རིགས་ཐུན་མོང་གི"རང་བདག་གཅིག་གྱུར"ཡོང་བའི་རྩ་གནད་དུ་གྱུར་ཡོད། ཧན་གོའི་སྲིད་དབང་བརྗེ་རེས་བྱས་ཀྱང་ལྷོ་བྱང་འབྲེལ་བ་དེ་རང་བཞིན་ངང་ལེགས་སུ་འགྲོ་བ་མཚོན་མི་ཐུབ། དེའི་འགག་རྩ་དེ་སུས་སྲིད་འཛིན་མིན་ལ་རག་མི་ལུས་པར་སྲིད་འཛིན་མཁན་གྱིས་བསྒྲགས་གཏམ་དེ་གཉིས་ལ་བརྩི་འཇོག་དང་ལག་བསྟར་བྱེད་མིན་ལ་རག་ལུས་ཡོད་ཅེས་འཁོད་ཡོད།
         རྩོམ་ཡིག་ནང་ད་དུང་བར་མཚམས་ཆད་པའི་ལྷོ་བྱང་དམངས་ཁྲོད་ཚོགས་པའི་མཉམ་ལས་འགྲོ་འོང་སླར་ཡང་འགོ་འཛུགས་རྒྱུ་དེས་ཁྱོན་ཡོངས་བཀག་སྡོམ་གྱི་འབྲེལ་བ་མཇུག་སྒྲིལ་རྒྱུར་དགོས་ངེས་ཡིན་རུང་། འབྲེལ་བ་ལེགས་སུ་འགྲོ་ཐུབ་པ་མཚོན་མི་ཐུབ་ཅེས་བཤད་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།