འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་དེ་ཁོ་སི་ཐ་རི་ཁའི་ངོས་ནས་བཤད་ན་གལ་འགངས་ཧ་ཅང་ཆེན་པོ་
    ཞིག་ཡིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཁོ་སི་ཐ་རི་ཁའི་ཕྱི་འབྲེལ་དང་ཆོས་ལུགས་ལས་དོན་པུའི་པུའུ་ཀྲང་མན་ནུའུ་ཨེའར·ཀང་ས་ལེ་སི·སང་སི་ཡིས་ཉིན་ཤས་གོང་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་དེ་ཁོ་སི་ཐ་རི་ཁའི་ངོས་ནས་བཤད་ན་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན་ཞེས་གསུངས་པ་རེད།
         ཉིན་དེར་ཀང་ས་ལེ་སིས་ཀྲུང་གོ་དང་ཁོ་སི་ཐ་རི་ཁ་དབར་ཕྱི་འབྲེལ་བཙུགས་ནས་ལོ་10འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཐོག་ཤིས་ཚིག་གསུངས་སྐབས་2007ལོར་ཁོ་སི་ཐ་རི་ཁ་ཡིས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་ནི་འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་ཁོ་སི་ཐ་རི་ཁ་ཡིས་ཕྱི་འབྲེལ་སྲིད་ཇུས་ཐད་ཀྱི་གཏན་འབེབས་གལ་ཆེ་ཤོས་གྲས་ཡིན། ཕྱི་འབྲེལ་བཙུགས་པ་བརྒྱུད་ཁོ་སི་ཐ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐོགས་མེད་བདེ་བླག་དང་། དབྱར་མཚོ་རྒྱས་པ་ལྟ་བུ། གསོན་ཤུགས་ལྡན་པ་བཅས་ཀྱི་ཕྱོགས་གཉིས་པོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་བཏང་ནས་གྲུབ་འབྲས་གཡུར་ཟ་ཐོབ་པའི་མཉམ་ལས་ལམ་བུ་ཞིག་བཏོད་ཡོད་ཅེས་གསུངས་པ་རེད།
         "་སི་ཐ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་10འཁོར་བ་རྟེན་འབྲེལ་ཞུ་བ་ནི་བཀྲ་ཤིས་པའི་བྱ་བ་ཞིག་རེད། ང་ཚོས་གོ་སྐབས་འདི་དང་བསྟུན་ནས་ཁོ་སི་ཐ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་གྱི་ཕྱི་འབྲེལ་དེ་ཁོ་སི་ཐ་རི་ཁའི་ངོས་ནས་བཤད་ན་གལ་འགངས་ཧ་ཅང་ཆེན་པོ་ཞིག་ཡིན་ཞེས་ནན་བཤད་བྱ་རྒྱུ་ཡིན"ཞེས་དང་། ཀང་ས་ལེ་སིས་ཁོ་སི་ཐ་རི་ཁ་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་སྲ་ཞིང་བརྟན་པའི་མཛའ་གྲོགས་འབྲེལ་བར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱུས་མངའ་ཡོང་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཁོ་སི་ཐ་རི་ཁར་བཅའ་བཞུགས་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐང་ཧོང་གིས་ཤིས་ཚིག་གསུངས་སྐབས་ཀྲུང་གོ་དང་ཁོ་སི་ཐ་རི་ཁ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་10སོང་བའི་ནང་རྒྱལ་ཁབ་དེ་གཉིས་ཕན་ཚུན་ལྷག་བསམ་རྣམ་དག་དང་ཕན་ཚུན་ཡིད་ཆེས་ཀྱི་གྲོགས་པོ་ཡག་པོ་དང་། མཉམ་ལས་གཉིས་ཁེའི་རོགས་ཟླ་ཡག་པོ། ཕན་ཚུན་མིག་དཔེ་དང་ཕན་ཚུན་བརྩི་མཐོང་གི་གྲོགས་པོ་བློས་ཐུབ་བཅས་སུ་གྱུར་ཡོད་ཅེས་གསུངས་པ་རེད།
         ཨ་མེ་རི་ཁ་གླིང་དབུས་མའི་ལྷོ་རྒྱུད་དུ་གནས་པའི་ཁོ་སི་ཐ་རི་ཁ་ནི་ཤར་ངོས་སུ་ཅ་ལི་པིའི་རྒྱ་མཚོ་དང་ནུབ་ངོས་སུ་ཞི་བདེ་རྒྱ་མཚོ་དང་ཉེ་བའི་རྒྱལ་ཁབ་ཅིག་རེད། ཀྲུང་གོས་ཁོ་སི་ཐ་རི་ཁ་དང་2007ལོའི་ཟླ་6ཚེས་1ཉིན་ཕྱི་འབྲེལ་བཙུགས་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།