འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་པེ་ཅིང་ནས་སུའུ་ལི་ཧྲེ་བར་གྱི་མཁའ་ལམ་དངོས་སུ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་ཚེས་7ཉིན་པེ་ཅིང་ནས་གྲོང་ཁྱེར་སུའུ་ལི་ཧྲེ་བར་གྱི་ཐད་འཕུར་ལམ་བུ་དངོས་སུ་བཏོད་ཅིང་། འདི་ནི་པེ་ཅིང་ནས་རི་ནེ་ཝ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ཚུན་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་བཏོད་པའི་པེ་ཅིང་ནས་སུའེ་ཙེར་གྱི་གྲོང་ཁྱེར་དུ་ཐད་འཕུར་མཁའ་ལམ་གཉིས་པ་དེ་རེད།
         ཉིན་དེར་སུའུ་ལི་ཧྲེའི་གནམ་ཐང་དུ་འཚོགས་པའི་འཕུར་ཐེངས་ཐོག་མའི་མཛད་སྒོའི་ཐོག་རྒྱལ་སྤྱིའི་མཁའ་འགྲུལ་མ་རྐང་ཀུང་སི་ཀྲུང་གོ་མཁའ་འགྲུལ་ཚོགས་པའི་མཐོ་རིམ་དོ་དམ་པ་ཧོའུ་ཤུས་ལུན་གྱིས་ད་རེས་པེ་ཅིང་ནས་སུའུ་ལི་ཧྲེ་བར་གྱི་མཁའ་ལམ་བདེ་བླག་ཤར་གཏོང་ཐུབ་པ་དེ་ལས་ཀྲུང་གོ་དང་སུའེ་ཙེར་རྒྱལ་ཁབ་གཉིས་དབར་གྱི་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རིག་གནས་སོགས་ཕྱོགས་མང་པོའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་ཐེབས་པ་དང་ཕན་ཚུན་ཕན་པ་ཐོབ་ཤུགས་དང་ཡིད་ཆེས་ཐོབ་ཤུགས་ཆེ་རུ་སོང་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་ཐད་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།