འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་14.5བཏང་ནས་རིན་མེད་ངང་ཚན་རྩལ་ཁང་སྒོ་
    འབྱེད་རྒྱུར་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་བཏོན་པའི"ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་བ། དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བ"བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་ཆེད། 2015ལོ་ནས་2016ལོ་བར། ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་ལྟར་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་8.97བཏང་ནས་ཚན་རྩལ་ཁང་123གྱིས་རིན་མེད་ངང་སྒོ་འབྱེད་རྒྱུར་རྒྱབ་སྐྱོར་བྱས་ཤིང་། རིན་མེད་ངང་སྒོ་ཕྱེ་བའི་ཚན་རྩལ་ཁང་གིས་ལོར་སྒོ་ཕྱེ་བའི་དུས་ཚོད་ཆ་སྙོམས་ཉིན་242ཟིན་པ་དང་། རིམ་རྩིས་ལྟར་ན་སློབ་གསོའི་བྱེད་སྒོ་ཐེངས་30191སྤེལ་ནས་སྤྱི་དམངས་མི་ཐེངས་ཁྲི་3722ལ་སྣེ་ལེན་ཞུས་ཡོད་པ་རེད། 2017ལོར། ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་རྗེས་སུ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.53བཏང་ནས་རིན་མེད་ངང་སྒོ་ཕྱེ་བའི་ཚན་རྩལ་ཁང་138བར་མང་དུ་བཏང་ཡོད་ལ། སྤྱི་ཚོགས་ཀྱི་ཁས་ལེན་ཡང་རྒྱ་ཁྱབ་་ཐོབ་ཡོད། བསྡོམས་རྩིས་ལ་གཞིགས་ན། 2016ལོར་རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱིས་ཚན་རྩལ་ཁང་གི་འབྲེལ་ཡོད་གསར་འགྱུར་8642བཀོད་གཏོང་བྱས་པས་སྤྱི་ཚོགས་ལས་རིགས་ཁག་གིས་ཚན་རིག་ཁྱབ་གདལ་བྱེད་སྒོར་མཐོང་ཆེན་དང་དེའི་ནང་ཧུར་ཐག་ཞུགས་པའི་རྣམ་པ་བཟང་པོ་ཆགས་བཞིན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་ནོར་སྲིད་པུའུ་དང་། ཀྲུང་གོ་ཚན་རིག་མཐུན་ཚོགས། ཀྲུང་དབྱང་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཏང་ནས་ས་གནས་ཁག་ལ་ཚན་རིག་མཐུན་ཚོགས་ཁོངས་གཏོགས་ཀྱི་ཚན་རྩལ་ཁང་རིན་མེད་ངང་སྒོ་འབྱེད་རྒྱུའི་བཀོད་སྒྲིག་བྱས་པ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་ཚན་རྩལ་ཁང་རིན་མེད་ངང་སྒོ་ཕྱེ་ནས་སྒོ་འཛིན་གྱི་ཡོང་འབབ་ཉུང་དུ་ཕྱིན་པའི་ཆ་ཤས་དང་། སྐྱེལ་འདྲེན་འགན་ལེན། འགྲེམས་རྫས་གསར་བརྗེ་སོགས་ཀྱི་ཐད་ཁ་གསབ་བྱ་རྒྱུ་ཡིན་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།