འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོ་དང་དབྱི་ཐ་ལིའི་ཉེན་རྟོག་པས་ཉེན་དོན་མཉམ་འབྲེལ་སྐོར་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་09ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཀྲུང་གོ་དང་དབྱི་ཐ་ལིའི་ཉེན་རྟོག་པས་ཉེན་དོན་མཉམ་འབྲེལ་སྐོར་ཞིབ་བྱས་པ།
         ཟླ་6ཚེས་5ཉིན། ཀྲུང་གོ་དང་དབྱི་ཐ་ལིའི་ཉེན་རྟོག་ཕྱོགས་ཀྱིས་དབྱི་ཐ་ལིར་ཉེན་དོན་མཉམ་འབྲེལ་སྐོར་ཞིབ་དངོས་སུ་བྱེད་འགོ་ཚུགས་པ་དང་། ཀྲུང་གོའི་ཉེན་རྟོག་པ་10ཚོགས་ཆུང་བཞིར་དབྱེ་ནས་ཟླ་6ཚེས་5ཉིན་ནས་ཚེས་25ཉིན་བར་རོ་མ་དང་། སྨི་ལན། ཧྥོ་རོ་ལུན་ས། ནཱ་པུ་ལེ་སི་བཅས་གྲོང་ཁྱེར་4རུ་དབྱི་ཐ་ལའི་ཉེན་རྟོག་པ་དང་ཁག་སོ་སོར་མཉམ་འབྲེལ་སྐོར་ཞིབ་བྱས་ཏེ། དབྱི་ཐ་ལིའི་ཉེན་རྟོག་ཕྱོགས་ལ་དབྱི་ཐ་ལིར་ཡུལ་སྐོར་དུ་ཡོང་བའི་ཀྲུང་གོའི་ཡུལ་སྐོར་བའི་བདེ་འཇགས་ཀྱི་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་ཡིན་ཞིང་། གོང་གི་པར་དེ་ནི་ཚེས་5ཉིན་མཉམ་འབྲེལ་སྐོར་ཞིབ་ཀྱི་ཀྲུང་གོ་དང་དབྱི་ཐ་ལིའི་ཉེན་རྟོག་པས་དབྱི་ཐ་ལི་རོ་མའི་སི་ཕེན་ཐང་ཆེན་དུ་སྤེལ་རེས་བྱེད་པའི་གནས་ཚུལ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།