འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎བོད་ལྗོངས་སློབ་གྲྭ་ཆེན་མོར་པེ་ཅིང་པར་མའི་བོད་ཡིག་དཔེ་རྙིང་ཞལ་འདེབས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 12:39】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ལམ། མི་རིགས་དང་ཆོས་ལུགས་ཀྱི་རིག་རྫས་བསྡུ་ཉར་བ་དང་གཟིགས་དཔྱད་པ་གྲགས་ཅན། ལུའོ་ཉིན་ཞིང་ཆེན་ཧྥུའུ་ཞིན་གྲོང་ཁྱེར་གྱི་སྲིད་གྲོས་རིག་གནས་ལོ་རྒྱུས་ཁང་གི་འགོ་གཙོ་ཧའེ་ཁྲུན་ཧྲེང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོར་པེ་ཅིང་དཔར་མའི་བོད་ཡིག་དཔེ་རྙིང་20ལྷག་ཙམ་ཞལ་འདེབས་གནང་བ་རེད། 
         ཆ་རྒྱུས་བྱུང་བ་ལྟར་ན། ཧའེ་ཁྲུན་ཧྲེང་གིས་ཉེ་བའི་ལོ་འགའི་རིང་རྒྱལ་ཡོངས་ཀྱི་ཞིབ་འཇུག་སྡེ་ཁག་ཁག་ལ་གསོག་ཉར་དངོས་རྫས་100ལྷག་གནང་ཡོད་པར། སྤྱི་ཚོགས་ཀྱི་ལས་རིགས་ཁག་གིས་བསྔགས་བརྗོད་ཚད་མེད་བྱེད་བཞིན་ཡོད་པ་རེད། 
         བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་དབུ་འཛིན་དང་ཞིབ་འཇུག་པ་ཤེས་རབ་བཟང་པོས་ཞལ་འདེབས་མཛད་སྒོའི་ཐོག་ཏུ། ད་ཐེངས་སྐུ་ཞབས་ཧའེ་ཁྲུན་ཧྲེང་གིས་བོད་ལྗོངས་སློབ་གྲྭ་ཆེན་མོར་གནང་བའི་བོད་ཡིག་དཔེ་རྙིང་དག་ནི་གོང་མ་ཁང་ཞི་དང་ཡུང་ཀྲེང་། ཆན་ལུང་གསུམ་པོའི་སྐབས་སུ་པེ་ཅིང་ས་ཁུལ་དུ་དཔར་བའི་པར་མ་ཡིན་པ་དང་། དཔེ་ཆ་བཟོ་སྟངས་ཐད་དང་དོད་ཆེ་ཞིང་སྤམ་པ་དང་། བརྗོད་བྱའི་ཐད་སྨན་ཐབས་དང་རྩོམ་རིག ལོ་ཐོ་བརྩི་སྟངས་དང་ཆོས་ལུགས་སོགས་ཡོད་ལ། དེའི་ནང་དཔེ་དེབ་རྩ་ཆེན་དང་དཔེ་རྒྱུན་དཀོན་པོ་མང་བ་དང་། དཔེ་དེབ་ལ་ལ་ནི་མཐོང་དཀོན་པའི་བོད་ཡིག་དཔེ་རྙིང་གི་སྒྲིག་སྟངས་ལྟར་བསྒྲིགས་ཡོད་པས། རིག་གནས་དང་ལོ་རྒྱུས་ཞིབ་འཇུག་ལ་རིན་ཐང་ཆེན་པོ་ལྡན་པ་རེད་ཅེས་བརྗོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།