འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་ནན་གྱིས་ཞིང་པར“སྤུས་ལེགས་འབྲུ་རིགས”འཚོང་དུ་བཅུག་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འབྲེལ་ཡོད་སྡེ་ཚན་གྱིས་འདི་ལོ་ཧོ་ནན་གྱི་གྲོའི་ཐོན་འབབ་ཡག་པོ་བྱུང་ཡོད་ཅེས་བཤད་ཡོད། ཚེས་5ཉིན། ཧོ་ནན་ཞིང་ཆེན་འབྲུ་རིགས་ཅུས་དང་། ཀྲུང་གོ་གྲབས་གསོག་འབྲུ་རིགས་ཧོ་ནན་ཡན་ལག་ཀུང་སི། ཞིང་ལས་འཕེལ་རྒྱས་དངུལ་ཁང་ཧོ་ནན་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་ཟླ་6ཚེས་6ཉིན་ཧོ་ནན་གྱི་གྲོ་སོགས་འབྲུ་རིགས་ཁྲོམ་རའི་རིན་གོང་ཐོག་ནས་ཉོ་སྒྲུབ་བྱེད་འགོ་འཛུགས་རྒྱུ་དང་འབྲེལ་སྔོན་མངགས་ཉོ་སྒྲུབ་སོགས“གཅིག་འཐུས་རྣམ་པའི”ཞབས་ཞུ་སྤེལ་ནས་ཞིང་པར“སྤུས་ལེགས་འབྲུ་རིགས”འཚོང་དུ་བཅུག་སྟེ་ཞིང་པའི་ཐོན་ལེགས་འབབ་འཕར་འགན་ལེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
          གསར་འགོད་པས་ཤེས་རྟོགས་བྱས་པར། ཧོ་ནན་གྱི་ཁྲོམ་རའི་རིན་གོང་ཐོག་ནས་ཉོ་སྒྲུབ་བྱེད་པའི་ནང་ཞུགས་པའི་འབྲུ་མཛོད་ཁག་དང་པོ་954ཡོད་པར་འབྲུ་ཏུན་ཁྲི་1041གཤོང་གི་ཡོད། ཞིང་ལས་འཕེལ་རྒྱས་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཡར་ནས་ཉོ་སྒྲུབ་ལ་རྒྱབ་སྐྱོར་བྱེད་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་310དང་མ་དངུལ་སྒོར་དུང་ཕྱུར་380ཟིན་པའི་ནང་ཁྲོམ་རའི་རིན་གོང་ཐོག་ནས་ཉོ་སྒྲུབ་བྱེད་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་245དང་མ་དངུལ་སྒོར་དང་ཕྱུར་298ཟིན་གྱི་ཡོད་པ་དང་། ཁྲོམ་ར་ཅན་གྱི་ཉོ་སྒྲུབ་བྱེད་པའི་འབྲུ་རིགས་རྒྱ་མ་དུང་ཕྱུར་55དང་མ་དངུལ་སྒོར་དུང་ཕྱུར་70ཟིན་ནས“འབྲུ་མཛོད་ནང་འབྲུ་ཡོད་པ་དང་། འབྲུ་རིགས་ལ་དངུལ་ཡོད་པ། མི་ལ་འབྲུ་རིགས་ཡོད་པ”བཅས་མངོན་འགྱུར་བྱུང་ཡོད། འབྲུ་རིགས་འཚོང་མཁན་ཞིང་པར་ཞབས་འདེགས་ཡག་པོ་ཞུ་ཆེད། ཁྲོམ་རའི་རིན་གོང་ཐོག་ནས་ཉོ་སྒྲུབ་བྱེད་མཁན་འབྲུ་མཛོད་ཚང་མས་མངོན་གསལ་དོད་སར་ཉོ་སྒྲུབ་སྣ་ཁ་དང་། རིན་གོང་། ལྗིད་ཚད་ཚད་གཞི། རློན་སྙིགས་འཕྲི་སྣོན་བྱ་ཐབས། མཇུག་བསྡོམས་རྩིས་རྒྱག་སོགས་ཀྱི་སྲིད་ཇུས་ཆ་འཕྲིན་ཡོངས་བསྒྲགས་བྱས་པ་མ་ཟད་བློ་འདྲི་དང་། ཐོ་འགོད། ཞིབ་བཤེར། མཇུག་རྩིས་སོགས“གཅིག་འཐུས་རྣམ་པའི་ཞབས་ཞུ”སྤེལ་བ་དང་འབྲེལ་ཡོད་དངུལ་ཁང་གིས་ད་དུང་ཆུ་ཚོད་7×24རིང་ཞིང་པར་མཇུག་རྩིས་ཞབས་འདེགས་ཞུས་ཏེ་ཞིང་པས“རྩིས་ཁ་གསལ་བའི་འབྲུ་རིགས”དང་། “སྤུས་ལེགས་འབྲུ་རིགས”“བློ་བདེ་བའི་འབྲུ་རིགས”བཅས་འཚོང་ཐུབ་པའི་འགན་ལེན་བྱས་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།