འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎རྒྱུགས་ཞུགས་སློབ་མ་ཁྲི་940ལྷག་ཙམ་2017ལོའི་མཐོ་རྒྱུགས་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎རྒྱུགས་ཞུགས་སློབ་མ་ཁྲི་940ལྷག་ཙམ་2017ལོའི་མཐོ་རྒྱུགས་ལ་ཞུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་6ཉིན་སློབ་གསོ་པུའུ་ནས་ཆ་རྒྱུས་བྱུང་བ་ལྟར་ན། 2017ལོའི་རྒྱལ་ཡོངས་གཅིག་གྱུར་གྱི་མཐོ་རྒྱུགས་ཟླ་6པའི་ཚེས7ནས་ཚེས་8བར་ཡིན་པ་དང་། ཞིང་ཆེན་ཁ་ཤས་(ས་ཁུལ་དང་གྲོང་ཁྱེར་)སུ་རྒྱུགས་གཞིའི་བསླབ་ཚན་གྱི་སྒྲིག་སྟངས་མི་འདྲ་བས་ཚེས་9ཉིན་ཡང་རྒྱུགས་བཀོད་སྒྲིག་བྱས་ཡོད་ལ། ད་ལོའི་རྒྱལ་ཡོངས་ཀྱི་མཐོ་རྒྱུགས་ལ་མིང་ཐོ་བཀོད་པའི་སློབ་མ་ཁྱོན་བསྡོམས་ཁྲི་940ཡོད་པ་རེད།  
         སློབ་གསོ་པུའུ་ཡིས་ནན་གྱིས་སྐུལ་དོན། སློབ་གསོ་སྲིད་འཛིན་སྡེ་ཁག་རིམ་པ་ཁག་དང་རྒྱུགས་གཞིའི་ལས་ཁུངས་ཁག་གིས་ཞབས་ཕྱི་ལེགས་པོར་བསྒྲུབ་དགོས་ལ། དང་པོ་ནི་ས་ཆ་སོ་སོའི་སློབ་གསོའི་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་ཐུབ་པར་བྱས་ནས། འཛེར་སྐད་དང་འཕྲོད་བསྟེན། དྲོད་གྲང་སྙོམས་སྒྲིག་བཅས་ཀྱི་ཐད་གྲ་སྒྲིག་ཚགས་སུ་ཆུད་པར་བྱེད་རྒྱུ་དང་། རྒྱུགས་ཞུགས་སློབ་མར་ལུས་སེམས་གཉིས་བདེའི་ཁོར་ཡུག་ཅིག་བསྐྲུན་དགོས་པ་ཡིན་ཞིང་། གཉིས་པ་ནི་ས་ཆ་སོ་སོའི་སློབ་གསོ་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་ལྷན་དུ་དམིགས་བསལ་ཅན་གྱི་གནམ་གཤིས་དང་རང་བྱུང་གནོད་འཚེ། འགོས་ནད་སོགས་འབྱུང་བར་དོགས་ཟོན་དང་ཐབས་ལམ་འཚོལ་དགོས་པ། གསུམ་པ་ནི་ས་ཆ་སོ་སོའི་རྒྱུགས་གཞིའི་སྡེ་ཁག་གིས་རང་ས་གནས་ཀྱི་དབང་པོ་སྐྱོན་ཅན་ལྷན་ཚོགས་དང་འབྲེལ་བ་བྱས་ནས། དབང་པོ་སྐྱོན་ཅན་གྱི་རྒྱུགས་ཞུགས་སློབ་མར་སྟབས་བདེ་བསྐྲུན་དགོས་པ་བཅས་རེད། 
         སློབ་གསོ་པུའུ་ཡིས་རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་ཚོར་《རྒྱུགས་ཞུགས་སློབ་མས་ཤེས་བྱ་》ལ་ཆ་རྒྱུས་གསལ་པོར་བླངས་ནས། རྒྱུགས་ལེན་པའི་དུས་ཚོད་དང་ས་གནས། བསླབ་ཚན་བཅས་ལ་དོ་སྣང་དང་ལམ་ཐིག་དང་ལམ་ཐག་ལ་གཞིགས་ནས། སྔོན་ལ་རྒྱུགས་རར་སླེབས་པ་དང་རྒྱུགས་རའི་སྒྲིག་ཁྲིམས་སྲུང་བ། ཉེར་མཁོའི་ཡིག་ཆ་དང་རྒྱུགས་ལེན་ཡིག་ཆས་འཁྱེར་དགོས་པ་ལས་ཁ་པར་དང་སྐུད་མེད་བརྡ་འཕྲིན་གྱི་ལག་ཆའི་རིགས་མི་འཁྱེར་བར། རྒྱུགས་གཙང་ལེན་པར་རེ་བསྐུལ་བྱས་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅༎རྒྱུགས་ཞུགས་སློབ་མ་ཁྲི་940ལྷག་ཙམ་2017ལོའི་མཐོ་རྒྱུགས་ལ་ཞུགས་པ།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།