འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོའི་སྲིད་གཞུང་གིས་སི་རི་ལན་ཁར་རོགས་སྐྱོར་བྱས་པའི་ཆུ་སྐྱོན་རོགས་སྐྱོབ་དངོས་རྫས་
    ཁོ་ལོན་པོར་འབྱོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
    ༄༅༎ཀྲུང་གོའི་སྲིད་གཞུང་གིས་སི་རི་ལན་ཁར་རོགས་སྐྱོར་བྱས་པའི་ཆུ་སྐྱོན་རོགས་སྐྱོབ་དངོས་རྫས་
ཁོ་ལོན་པོར་འབྱོར་བ།
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་སྲིད་གཞུང་གིས་སི་རི་ལན་ཁར་རོགས་སྐྱོར་གྱི་ཉེན་འཚབ་མི་ཆོས་རིང་ལུགས་ཀྱི་གེགས་སེལ་དངོས་རྫས་བྱུར་བུར་བླུགས་པའི་གནམ་གྲུ་ཚེས་3ཉིན་གྱི་ཕྱི་དྲོ་ཁོ་ལོན་པོ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ཞིང་། མི་དམངས་ཤོག་སྒོར་ཁྲི་1500ཡི་རིན་པའི་རོགས་སྐྱོབ་དངོས་རྫས་གྲས་སུ་གུར་600དང་། ཉལ་གདན་5000 སྲོག་སྐྱོབ་གོས་20000 ཀམ་པ་ལི་20000 ཆུ་ལྷམ་1000སོགས་ཚུད་ཡོད། དངོས་ཟོག་དེ་དག་སི་རི་ལན་ཁའི་མཚོ་དམག་གིས་ཀྲུང་གོ་རྒྱལ་སྤྱིའི་རོགས་སྐྱོབ་རུ་ཁག་གི་གཞོགས་འདེགས་འོག་ཆུ་སྐྱོན་དང་རི་ཉིལ་བ་སོགས་ཀྱི་གནོད་སྐྱོན་ཚབས་ཆེན་བྱུང་ཁུལ་ཁག་སོ་སོར་དབོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་དཀའ་གནས་ལས་སྒྲོལ་རོགས་དང་། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱ་རྒྱུ་རེད། གོང་གི་པར་དེ་ནི་ཟླ་6ཚེས་3ཉིན་སི་རི་ལན་ཁའི་ཁོ་ལོན་པོ་རྒྱལ་སྤྱིའི་གནམ་ཐང་དུ་སི་རི་ལན་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་དབྱི་ཤན་ལེང་(མདུན་གྱི་གཡོན་)གིས་སི་རི་ལན་ཁའི་གནོད་སྐྱོན་དོ་དམ་པུའི་པུའུ་ཀྲང་ཡཱ་ཕཱ་ལ་རོགས་སྐྱོབ་དངོས་རྫས་རྩིས་སྤྲོད་གནང་བའི་གནས་ཚུལ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།