འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཐེ་ལན་ལ་འཚམས་
    འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་ནས་ཚེས་6ཉིན་བར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས་ཚོགས་གཙོ་བྱེད་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པས་ཐེ་ལན་ལ་མཛའ་མཐུན་འཚམས་འདྲི་བྱས་པ་རེད། འཚམས་འདྲི་བྱས་པའི་རིང་དུ། ཐེ་ལན་གྱི་ཁྲིམས་འཛུགས་དབྱི་ཧུའེ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཕེང་པེ་དང་ཐེ་ཀྲུང་རིག་གནས་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཕོ་ཆིན་དང་ངོ་འཕྲད་བྱས་པ་དང་། ཐེ་ལན་གྱི་ས་གནས་སྲིད་གཞུང་དང་རིག་གཞུང་ལས་རིགས་ཀྱི་མཁས་དབང་ཚོ་དང་འབྲེལ་གཏུག་ཁྱབ་ཆེན་བྱས་པ་རེད།
         རྡོ་རྗེ་ཚེ་རིང་གིས་ཐེ་ལན་ཕྱོགས་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲས་བུ་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་གཙོ་བོ་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་དབུ་ཁྲིད་འོག བོད་ལྗོངས་ནི་དུས་ཡུན་ལོ་ངོ་བཅུ་ཕྲག་འགའ་ལས་མ་སྤྱད་པར་རྗེས་ལུས་ནས་སྔོན་ཐོན་དང་། དབུལ་ཕོངས་ནས་ཕྱུག་པོ། སྒོ་བརྒྱབ་པ་ནས་སྒོ་འབྱེད་པ་བཅས་སུ་བསྐྱོད་དེ་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་ལྡན་པའི་བར་བརྒལ་ཆེན་པོ་བྱུང་བ་དང་། སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་མགོ་རྟིང་སློག་པ་ལྟ་བུའི་འགྱུར་བ་ཆེན་པོ་བྱུང་ཡོད་ཅིང་། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཞིང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཕྱོགས་ཡོངས་སུ་ཁྱབ་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཕན་ནུས་ལྡན་པའི་སྒོ་ནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་བྱུང་ཞིང་། བོད་ལྗོངས་མི་དམངས་ཀྱི་ཆོས་དད་རང་མོས་ལ་སྲུང་སྐྱོང་གང་ལེགས་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་བཟང་བའི་གནས་ཚུལ་རྒྱུན་འཁྱོངས་ཡག་པོ་བྱས་ཡོད་ཅེས་བཤད་པ་རེད། རྡོ་རྗེ་ཚེ་རིང་གིས་ཐེ་ལན་གྱིས་བོད་འབྲེལ་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ལ་བསྟོད་བསྔགས་བྱས་པ་མ་ཟད། ཐེ་ལན་གྱིས་བོད་འབྲེལ་གནད་དོན་མུ་མཐུད་དེ་ཐག་གཅོད་འོས་ཤིང་འཚམས་པར་བྱས་ཏེ། ཏ་ལའི་རུ་ཚོགས་ཀྱི་ཀྲུང་གོར་ངོ་རྒོལ་དང་ཁ་བྲལ་གཏོང་བའི་བྱ་ངན་ལ་རྣམ་པ་གང་རུང་ཐོག་གི་རྒྱབ་སྐྱོར་དང་སྟབས་བདེ་མི་སྤྲོད་པའི་རེ་བའང་བྱས་པ་རེད།
         ཕེང་པེ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བོད་ལྗོངས་འཐུས་མི་ཚོགས་པ་ཐེ་ལན་དུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་འཐུས་མི་ཚོགས་པས་ངོ་སྤྲོད་བྱས་པ་བརྒྱུད་དེ་ཀྲུང་གོའི་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ་བོད་རང་སྐྱོང་ལྗོངས་སུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་ལེགས་འགྲུབ་ངང་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་། དམངས་འཚོ་ལེགས་བཅོས་བྱུང་བའི་གནས་ཚུལ་ངོ་མ་རྒྱུས་ལོན་བྱུང་བར་དགའ་པོ་ཧ་ཅང་ཆེན་པོ་བྱུང་བ་དང་། ཐེ་ལན་ཕྱོགས་ཀྱིས་ཐེ་ཀྲུང་གི་སྲོལ་རྒྱུན་མཛའ་བཤེས་གོམ་གང་མདུན་སྤོས་ཀྱིས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་ལས་དམ་པོ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།