འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཧ་སག་སི་ཐན་གྱི་ཡི་གེའི་པར་གཞིའི་
    པར་ཕུད་འགྲེམས་སྤེལ་ཨ་སི་ཐ་ན་རུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་5ཉིན་《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཧ་སག་སི་ཐན་གྱི་ཡི་གེའི་པར་གཞིའི་པར་ཕུད་འགྲེམས་སྤེལ་དེ་གྲོང་ཁྱེར་ཨ་སི་ཐ་ན་རུ་བྱས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཐུའོ་ཀྲེན་དང་། ཧ་སག་སི་ཐན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཀྲང་ཧན་ཧུའེ། ཧ་སག་སི་ཐན་གྱི་ཙུང་ཐུང་གཞུང་ལས་ཐིང་གི་ཀྲུའུ་རེན་ཟུར་བ་ཐེ་མུའུ་འར་པུའུ་ལ་ཐེ·པ་ཧོ་ཐི་ཅན། ཧ་སག་སི་ཐན་གྱི་ཙུང་ཐུང་ཐེབས་རྩ་ལྷན་ཚོགས་ཀྱི་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་ཁང་གི་སུའོ་ཀྲང་གི་འགན་ཐོག་མར་ཁུར་མཁན་སའར་ཐེ་པ་ཡེ་ཕུའུ·ཡེའར་ཅན་སོགས་ཀྱིས་པར་ཕུད་འགྲེམས་སྤེལ་ཐོག་ཤིས་ཚིག་གསུང་པ་དང་ཀྲུང་ཧའི་ལས་རིགས་ཁག་གི་མི་སྣ་ཁྱོན་200ལྷག་ཙམ་བྱེད་སྒོར་ཞུགས་ཡོད།
         ཐུའོ་ཀྲེན་གྱིས་པར་ཕུད་འགྲེམས་སྤེལ་ཐོག་《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཡི་དེབ་ནང་ཀྲུང་གོའི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། འཕེལ་རྒྱས་ཀྱི་ལམ་བུ། ཕྱི་ནང་གི་སྲིད་ཇུས་བཅས་རྒྱས་བཤད་ཞིབ་ཚགས་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་གཅིག་སྡུད་ཐོག་མཚོན་པ་བྱས་ཡོད་ལ། དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་དང་རྒྱལ་ཁབ་སྐྱོང་རྒྱུའི་སྐོར་གྱི་རིག་པའི་གཞུང་ལུགས་དང་དོན་དངོས་ཀྱི་གནད་དོན་རབ་དང་རིམ་པར་ལན་ཞིབ་ཕྲ་བརྒྱབ་པ་དང་ཆབས་ཅིག་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དོ་ཁུར་དང་ཐུགས་ཁུར་བྱེད་པའི་ཐད་ཕྱོགས་ཡོངས་ནས་ལན་བརྒྱབ་ཡོད། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཧ་སག་སི་ཐན་གྱི་ཡི་གེའི་པར་གཞིར་པར་འགྲེམས་བྱས་པ་དེ་ཧ་སག་སི་ཐན་གྱི་མི་དམངས་ཀྱིས་ཀྲུང་གོ་ལྟ་ཞིབ་དང་ཤེས་རྟོགས་བྱེད་སའི་སྐར་ཁུང་གསར་པར་འགྱུར་རྒྱུ་དང་རྒྱལ་ཁབ་གཉིས་པོའི་དབར་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་སྟེགས་བུ་གསར་པ་ཞིག་གཏོད་རྒྱུ་རེད་ལ་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་དཔང་པོ་གསར་པར་ཡང་འགྱུར་རྒྱུ་རེད་ཅེས་བརྗོད།
         ཀྲང་ཧན་ཧུའེ་ཡིས་ཤིས་ཚིག་བརྗོད་སྐབས་ཀྲུང་ཧ་མཉམ་ལས་ཀྱིས་པར་སྐྲུན་བྱས་པའི་《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཧ་སག་སི་ཐན་གྱི་ཡི་གེའི་པར་གཞི་ནི་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་འགྲོ་འོང་བྱེད་པའི་དོན་ཆེན་ཞིག་ཡིན་པས་ཀྲུང་ཧའི་འབྲེལ་བའི་ཆུ་ཚད་མཐོ་པོ་མངོན་ཡོད། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཧ་སག་སི་ཐན་གྱི་ཡི་གེའི་པར་གཞི་འགྲེམས་སྤེལ་བྱས་པ་དེས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཆེ་རུ་འགྲོ་རྒྱུ་དང་། ཐབས་ཇུས་སྦྲེལ་མཐུད་དེ་བས་གཏིང་ཟབ་ཏུ་འགྲོ་རྒྱུ། མི་དམངས་ཀྱི་མཛའ་བརྩེ་དེ་བས་ཟབ་ཏུ་འགྲོ་རྒྱུ་ཡིན་པས་ཀྲུང་གོའི་ཕུགས་འདུན་དང་ཧ་སག་སི་ཐན་གྱི་ཕུགས་འདུན་མངོན་འགྱུར་ཡོང་ངེས་རེད་ཅེས་བརྗོད།
         ཐེ་མུའུ་འར་པུའུ་ལ་ཐེ·པ་ཧོ་ཐེ་ཅན་གྱིས་《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཧ་སག་སི་ཐན་གྱི་ཡི་གེའི་པར་གཞི་འགྲེམས་སྤེལ་བྱས་པ་དེས་མཛའ་མཐུན་ཟབ་པའི་ཁྱིམ་མཚེས་ཡིན་པའི་ཧ་སག་སི་ཐན་ལ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱས་པ་རེད་ལ། ཧ་སག་སི་ཐན་གྱི་ཀློག་པ་པོས་དེབ་དེ་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཤེས་རྟོགས་དང་། ཀྲུང་གོའི་མི་དམངས་ཀྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་པའི་བསམ་པ་ཤེས་རྟོགས། ཀྲུང་གོའི་སྒྱུར་བཅོས་ཀྱི་ཁ་ཕྱོགས་དང་རྒྱལ་ཁབ་འཕེལ་རྒྱས་བརྟན་པོ་འགྲོ་ཐབས་ཤེས་རྟོགས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་ཆོད་སེམས་ཤེས་རྟོགས། ཀྲུང་གོས་ཤེས་དཔལ་ལྡན་པའི་སྤྱི་ཚོགས་སྐྲུན་པ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན"རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས"ཀྱི་སྲིད་ཇུས་དོན་འཁྱོལ་བྱས་པ་ཤེས་རྟོགས། ཀྲུང་གོའི་ད་ཆའི་རྒྱལ་ཁབ་འགོ་ཁྲིད་ཀྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འཐབ་ཇུས་དགོངས་པ་ཤེས་རྟོགས་བཅས་བྱ་རྒྱུ་ཡིན་ཞེས་བརྗོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།