འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅༎ཀྲུང་གོས་སོ་མ་ལིར་ཏུན་2800ལྷག་ཙམ་གྱི་ཉེན་འཚབ་རོགས་སྐྱོབ་ཀྱི་འབྲུ་རིགས་མཁོ་འདོན་
    བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་07ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོས་སོ་མ་ལིར་མཁོ་འདོན་བྱས་པའི་ཉེན་འཚབ་རོགས་སྐྱོབ་ཀྱི་འབྲུ་རིགས་ཚེས་2ཉིན་ཧྲང་ཧའེ་ནས་དབོར་བ་དང་། ཁག་དེའི་ཉེན་འཚབ་རོགས་སྐྱོབ་ཀྱི་འབྲུ་རིགས་ནི་འབྲས་ཏུན་2821.75ཟིན་ཞིང་སྔོན་དཔག་བྱས་ན་ཉིན་35ཡི་རྗེས་སུ་སོ་མ་ལིར་འབྱོར་རྒྱུ་རེད།
         འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཀྲུང་གོ་གཞུང་ལས་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུས་ཁག་དེའི་འབྲུ་རིགས་རོགས་སྐྱོབ་དང་དེ་བཞིན་ཀྲུང་གོ་སྲིད་གཞུང་གིས་དེ་གོང་ཞལ་འདེབས་བརྒྱབ་པའི་འབྲུ་རིགས་དཀྱུས་མ་དང་སྦངས་འཐུང་འཚོ་བཅུད་ཁ་གསབ་ཁ་ཤས་ཀྱིས་སོ་མ་ལིའི་ཐན་སྐྱོན་གྱི་གནོད་འཚེ་ཕོག་པའི་ས་ཁུལ་གྱི་མང་ཚོགས་ཁྲི་22.35ལ་དུས་ཡུན་ཟླ་4རིང་རོགས་སྐྱོབ་ཐུབ་རྒྱུ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཉེ་དུས་ཐན་སྐྱོན་བྱུང་ཚུལ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཆབས་ཅིག་སོ་མ་ལིའི་ལྷོ་རྒྱུད་དང་བྱང་ཤར་ས་ཁུལ་གྱི་འབྲུ་རིགས་མཁོ་སྤྲོད་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པས་སོ་མ་ལིའི་རྒྱལ་ཡོངས་ཀྱི་མི་འབོར་ཕྱེད་ཀ་ཙམ་ལ་ཉེན་འཚབ་རོགས་སྐྱོབ་ཀྱི་འབྲུ་རིགས་དགོས་ཀྱི་ཡོད། འཛམ་གླིང་འབྲུ་རིགས་འཆར་འགོད་ཧྲུའུ་ཡི་དམིགས་ཚད་ནི་འབྱུང་འགྱུར་ཟླ་6རིང་སོ་མ་ལིའི་མང་ཚོགས་ཁྲི་340ལ་ཉེན་འཚབ་རོགས་སྐྱོབ་ཀྱི་འབྲུ་རིགས་སྟེར་བ་དང་ཆབས་ཅིག་བུད་མེད་དང་བྱིས་པར་དམིགས་བསལ་ཐོག་འཚོ་བཅུད་ཀྱི་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏོང་རྒྱུ་དེ་རེད།
         འཛམ་གླིང་འབྲུ་རིགས་འཆར་འགོད་ཁྲུས་ཧྲང་ཧའེ་ནས་དབོར་འགོ་ཚུགས་པའི་འབྲུ་རིགས་དེ་དག་ནི་ཉེ་དུས་པེ་ཅིང་དུ་འཚོགས་པའི"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་རྗེས་སུ་ཀྲུང་གོས་འབྲེལ་ཡོད་རྒྱལ་ཁབ་ལ་དབོར་བའི་རོགས་སྐྱོབ་འབྲུ་རིགས་ཁག་དང་པོ་དེ་ཡིན་ལ་ཀྲུང་གོ་སྲིད་གཞུང་གིས"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་འབྲེལ་ཡོད་འབྲུ་རིགས་རོགས་སྐྱོབ་ཁས་ལེན་དོན་འཁྱོལ་བྱས་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཀྱང་རེད་ཅེས་ནན་བཤད་བྱས་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།