འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་གསོ་སྦྱོང་སྒྲིག་གཞིར་གཅིག་ལྕོགས་ངང་
    སློབ་ཚན་འཁྲིད་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན། གསོ་སྦྱོང་སྒྲིག་གཞིས་སློབ་ལོ་མ་ལོན་པའི་བྱིས་པར་སློབ་ཆུང་གི་སློབ་གསོ་སྤྲོད་མི་ཆོག་ལ་གཞུང་འཛུགས་དང་དམངས་འཛུགས་སློབ་གྲྭ་འབྲིང་ཆུང་དུ་ལས་ཀར་འགྲོ་མུས་ཀྱི་དགེ་རྒན་གྱིས་གཅིག་ལྕོགས་ངང་སློབ་ཚན་འཁྲིད་མི་ཆོག་པ་མ་ཟད། སློབ་མ་སྒྲིག་འཛུགས་བྱས་ནས་དངོས་གཞི་མིན་པའི་འགྲན་བསྡུར་ནང་ཞུགས་སུ་འཇུག་མི་རུང་བ་སོགས་ནི། གསོ་སྦྱོང་བྱེད་མང་བའི་གུང་གསེང་འཆར་ལ་ཉེ་བའི་མཚམས་སུ། ཁྲེང་ཏུའུ་གྲོང་ཁྱེར་གྱིས་གཏན་འབེབས་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་དམངས་གཉེར་རིག་གནས་སློབ་གསོའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིར་ལྟ་སྡོམ་བྱ་ཤུགས་ཆེ་རུ་བཏང་བ་ཞིག་རེད།
         ཚེས་3ཉིན་ཁྲེང་ཏུའུ་གྲོང་ཁྱེར་སློབ་གསོ་ཅུས་ནས་གསར་འགོད་པར་ཤེས་རྟོགས་བྱུང་བ་ནི། སློབ་གསོ་ཅུས་ཚུད་པའི་སྡེ་ཚན་བཞིས་མཉམ་དུ་བཏོན་པའི་《དམངས་གཉེར་རིག་གནས་སློབ་གསོའི་རིགས་ཀྱི་གསོ་སྦྱོང་བྱེད་སྒོ་ཚད་ལྡན་ངང་སྤེལ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་》ནང་། དམངས་གཉེར་རིག་གནས་སློབ་གསོའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིས་སློབ་གཉེར་ལག་ཁྱེར་ལྡན་པ་དང་། འགྲོ་གྲོན་ཁ་གསལ་བ། སློབ་བསྡུ་ཚད་ལྡན། དྲིལ་བསྒྲགས་ཚད་ལྡན། སློབ་གསོ་བདེ་འཇགས་ལྡན་པ། དགེ་རྒན་གྱིས་ལག་ཁྱེར་ཐོགས་པ། འགྲན་བསྡུར་ལུགས་དང་མཐུན་པ་བཅས་ཡོང་བ་བྱེད་དགོས་པའི་གཏན་འབེབས་བདུན་བསྟན་ཡོད།
         《སྤྱི་བསྒྲགས་》ནང་། སློབ་གཉེར་གྱི་འོས་ཐོབ་མི་རག་པའི་སློབ་གསོ་བློ་འདྲིའི་ཀུང་སིས་རིག་གནས་སློབ་གསོའི་གསོ་སྦྱོང་བྱེད་མི་ཆོག་དང་། སློབ་གཉེར་གྱི་འོས་ཐོབ་རག་པའི་དམངས་གཉེར་ཁེ་ལས་མིན་པའི་ཚན་པས་ཡན་ལག་སྒྲིག་གཞི་འཛུགས་མི་ཆོག་པ། སློབ་གཉེར་འོས་ཐོབ་རག་པའི་ཁེ་ལས་ཀྱིས་དོན་གཅོད་སྒྲིག་གཞི་གནས་ཡུལ་ལས་སྒྲོལ་བའི་ས་ཆ་གཞན་དུ་ཡན་ལག་ཀུང་སིའི་ཆོག་མཆན་མ་ཐོབ་པར་ཐོ་འགོད་བྱས་པའི་ལས་ཡུལ་དུ་རིག་གནས་དང་སློབ་གསོའི་སྐོར་གྱི་གསོ་སྦྱོང་ལས་སྒོ་སྤེལ་མི་ཆོག་པ་བསྟན་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།