འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།《དེང་སྐབས་སྤྱི་ཚོགས་ཀྱི"རྩོམ་རིག་འཚོ་བའི"བརྟག་དཔྱད་ཞིབ་འཇུག་》ཁྱབ་
    བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན། 《དེང་སྐབས་སྤྱི་ཚོགས་ཀྱི“རྩོམ་རིག་འཚོ་བའི”བརྟག་དཔྱད་ཞིབ་འཇུག་》ཅེས་པའི་དཔེ་དེབ་གསར་པ་ཁྱབ་བསྒྲགས་བྱས་པ་དང་། དེབ་འདི་ནི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་གལ་ཆེན་ཡིན་པའི“དེང་སྐབས་སྤྱི་ཚོགས་ཀྱི‘རྩོམ་རིག་འཚོ་བའི’བརྟག་དཔྱད་ཞིབ་འཇུག”གི་ཆེས་མཐའ་མའི་གྲུབ་འབྲས་ཡིན་པ་དེ་ད་ཆ་ཅང་སུའུ་ཧྥུང་ཧོང་སློབ་གསོ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་འཆར་འགོད་དཔེ་དེབ་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད། འདི་ནི་རྒྱལ་ནང་གི“རྩོམ་རིག་འཚོ་བའི”བརྟག་དཔྱད་དང་འབྲེལ་བ་ཡོད་པའི་སྙན་ཞུ་དང་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྒྲིགས་དང་པོ་ཡིན་པ་དེ་ལས་རྩོམ་རིག་ཞིབ་འཇུག་ལ་འཕེལ་རྒྱས་འབྱུང་རྩ་གསར་པ་ཐོན་པ་མཚོན་གྱི་ཡོད།
         རྣམ་གྲངས་དེའི་ཞིབ་འཇུག་གི་གཙོ་གནད་ནི“རྩོམ་རིག་འཚོ་བ”དང་། ལྷག་པར་དུ་རྒྱལ་དམངས་དཀྱུས་མའི་རྩོམ་རིག་འཚོ་བ་ཡིན་པ་སྟེ། རྩོམ་རིག་ལྟ་ཀློག་བྱེད་པའི་གནས་བབ་དང་རྩོམ་རིག་གི་ཤུགས་རྐྱེན་འོག་སྤྱི་ཚོགས་ཀྱི་བསམ་པའི་སྣང་ཚུལ་ཚུད་ཡོད། ཞིབ་འཇུག་ཚོགས་ཆུང་གིས་ཞིང་ཐང་བརྟག་དཔྱད་ཀྱི་ཐབས་ལམ་སྤྱད་དེ་རྩོམ་རིག་ལ་ཞིབ་འཇུག་དང་། རིག་གཞུང་ཚན་ཁག་བརྒལ་བའི་ཤེས་བྱ་དང་ཐབས་ཤེས་སྤྱད་དེ་བཅར་འདྲི་དང་། འདྲི་ཤོག དཔེ་སྟོན་གྱོད་དོན་བརྟག་དཔྱད་བཅས་ཀྱི་ཐབས་ལམ་སྤྱད་ནས་རིམ་ཁག་གི་རྩོམ་རིག་ལྟ་ཀློག་གནས་བབ་དང་། རྩོམ་རིག་ཐོན་སྐྱེད་བརྒྱུད་སྤེལ། དྲ་རྒྱའི་རྩོམ་རིག་གནས་བབ་དང་དེ་བཞིན་སྨྱན་སྦྱོར་དུས་རབས་ཀྱི་རྩོམ་རིག་དང་ལེན་སོགས་ཁྱབ་ཁོངས་མང་པོའི་སྐོར་གྱི་རྣམ་གྲངས་50ལྷག་ལ་བརྟག་དཔྱད་བྱས་ཏེ་བརྟག་དཔྱད་བྱས་པའི་གྲུབ་འབྲས་ལ་གསེད་བཀྲོལ་དང་ཞིབ་འཇུག་བྱས་ནས་དཔེ་དེབ་དེ་གྲུབ་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ཧྲན་ཏུང་སློབ་ཆེན་གྱི་རིག་གནས་ཚན་ཁག་གི་རིམ་པ་དང་པོའི་དགེ་རྒན་ཆེ་མོ་བ། པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཝུན་རུའུ་མིན་གྱིས་དབུ་བཞུགས་རིགས་གཅིག་མཁས་ཅན་གྱི་འགན་ཁུར་བ་དང་། རྣམ་གྲངས་འགན་ཁུར་མཁན་གྱི་ཚོགས་པ་གཙོ་བོ་ཧྲན་ཏུང་སློབ་ཆེན་རྩོམ་རིག་སློབ་གླིང་དང་པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་མཁས་དབང་ལས་གྲུབ་པ་ཞིག་རེད། 
      

    ཕྱོགས་བསྡུས་གསར་འགྱུར།