འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ངོགས་གཉིས་ཀྱི་རིགས་གཅིག་མཁས་ཅན་གྱིས"རྒྱུད་གཅིག་ལམ་གཅིག"དང་ཀྲུང་ཧྭ་རིག་
    གནས་བསྐྱར་དར་སྐོར་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་4ཉིན། ཐའེ་པེ་རུ་འཚོགས་པའི་པེ་ཅིང་དང་ཐའེ་དབན་གྱི་མཁས་དབང་གི་ཐུན་མོང་ཞིབ་འཇུག་ཚོགས་འདུའི་ཐོག་ངོགས་གཉིས་ཀྱི་རིགས་གཅིག་མཁས་ཅན་མང་པོས་སྐམ་ས་ཆེ་མོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་བགྲོ་གླེང་བྱས་པ་རེད། ཚོགས་ཞུགས་མཁན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོ་འཛུགས་སྐྲུན་ལ་ཡར་སྐུལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ངོས་ནས་དོན་སྙིང་གལ་ཆེན་ལྡན་ཡོད། དེའི་ནང་བསྡུས་པའི་ཀྲུང་ཧྭའི་རིག་གནས་བསྐྱར་དར་གྱི་ནང་དོན་ཞིབ་ཆར་ཡང་སྣང་ཆེན་བྱེད་རིན་ཡོད། ངོགས་གཉིས་ཀྱི་སྤུན་ཟླས་ལག་གདང་སྦྲེལ་ནས་བརྗིད་ཆེའི་འདུ་འགོད་དེའི་ནང་ཞུཌ་ཏེ་ཐུན་མོང་ཐོག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་ལེགས་སྐྱེས་འབུལ་དགོས་པའི་ངོས་འཛིན་བྱས་པ་རེད།
         ཐའེ་པེ་ཀྲུང་གོ་དང་ཨ་རིའི་རིག་གནས་དཔལ་འབྱོར་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝུའུ་ཕེ་ཏི་ཡིས་སྐམ་ས་ཆེ་མོས་གཙོ་ཁྲིད་བྱས་པའི“རྒྱུད་གཅིག་ལམ་གཅིག”གི་འཛུཌ་སྐྲུན་གྱིས་དར་གོས་ལམ་བུ་བསྐྱར་དར་གྱི་དཔལ་འབྱོར་ཁུལ་དང་མཚོ་ཐོག་དར་གོས་ལམ་བུའི་དཔལ་འབྱོར་ཉོ་ཚོང་ཁུལ་བསྐྱར་སྐྲུན་བྱ་རྒྱུ་ཡིན་པས་དེ་ནི་སྔར་བྱུང་མྱོང་མེད་པའི་དཔལ་འབྱོར་འཛུགས་སྐྲུན་གྱི་འཆར་གཞི་ཞིག་ཡིན་ལ་ཀྲུང་ཧྭ་མི་རིགས་ཀྱི་རང་ཡིད་རང་ཆེས་སླར་གསོ་དང་ཀྲུང་ཧྭའི་རིག་གནས་བསྐྱར་དར་གྱི་འདུ་འགོད་ཆེན་པོ་ཞིག་ཀྱང་ཡིན། ངོགས་གཉིས་ཡིག་རིགས་གཅིག་དང་རིགས་གཅིག་པ་ཡིན་པས་ཐུན་མོང་ཐོག་སྐད་ཡིག་དང་། རིག་གནས། ལོ་རྒྱུས་དྲན་ཤེས་བཅས་མཉམ་སྤྱོད་བྱེད་ཀྱི་ཡོད། དེས་ན་སྤུན་ཟླ་ཐའེ་དབན་བས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་པའི་ལེགས་ཆ་ཆེན་པོ་ལྡན་ཡོད། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དུ་བསྐྱོད་པའི་ལོ་རྒྱུས་འཕེལ་རིམ་ཁྲོད་ངོགས་གཉིས་ཀྱི་མི་དམངས་ཀྱིས་རྒྱུན་དུ་དཀའ་སྤྱད་འབད་བརྩོན་བྱས་ནས“ཀྲུང་གོ་བའི་དུས་རབས”དེ་གོ་ལ་ཧྲིལ་པོའི་ཕྱི་ཁོངས་ཀྲུང་གོ་བའི་ཐུན་མོང་གི་སེམས་འདུན་དུ་འགྱུར་བ་བྱེད་དགོས་ཞེས་བཤད།
         “‘རྒྱུད་གཅིག་ལམ་གཅིག’ནི་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོའི་འཛུགས་སྐྲུན་གྱི་མེ་འཁོར་གྱི་མགོ་ལྟ་བུ་ཡིན་པས་སྐམ་ས་ཆེ་མོས་ལག་རྩལ་ཕྱིར་གཏོང་དང་འཛུགས་སྐྲུན་གསར་སྤེལ་སོགས་བྱེད་ཐབས་བརྒྱུད་དེ་སྔ་ཁེར་རྐྱང་འབད་བརྩོན་བྱས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་སྟོབས་ཆེ་ལ་འབྲེལ་བ་ཟབ་པའི་དཔལ་འབྱོར་སྒྲིག་གཞི་ཞིག་ཏུ་འགྱུར་བ་བྱ་རྒྱུ་དང་། འཆར་གཞི་དེས་དེང་རབས་གཞོན་ནུ་དང་ཐ་ན་མི་རབས་རྗེས་མའི་བུ་རྒྱུད་ཚོར་ཧ་ཅང་ཆེ་བའི་དུས་དང་བར་སྟོང་གི་ཁོར་ཡུག་ཅིག་གསར་འབྱེད་བྱ་རྒྱུ་ཡིན་པས་ང་ཚོས་གཞི་རྟེན་དེ་སྤྱོད་མཁས་པོ་བྱེད་དགོས། བརྒྱུད་རིམ་དེའི་ནང་ང་ཚོས་རིག་གནས་ཀྱི་ནུས་པར་སྔར་བས་སྣང་ཆེན་བྱེད་པ་དང་། ངོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་ཀྲུང་ཧྭའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དེའི་ཡིད་དབང་འགུག་ཤུགས་དང་མཉམ་འདྲེས་ནུས་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ངོགས་གཉིས་དང་ཐ་ན་གོ་ལ་ཧྲིལ་པོའི་ཕྱི་ཁོངས་ཀྲུང་གོ་བ་མཐུན་སྒྲིལ་བྱེད་པའི་བསམ་པའི་སྲོག་ཤིང་དུ་འགྱུར་བ་བྱེད་དགོས”ཞེས་ཝུའུ་ཕེ་ཏི་ཡིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།