འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཏུང་གིས་དེང་རབས་ཅན་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་06ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན་ཧྲན་ཏུང་ཞིང་ཆེན་ཞིང་ལས་ཐིང་ནས་གསར་འགོད་པས་ཤེས་རྟོགས་བྱུང་གསལ། ཧྲན་ཏུང་ཞིང་ཆེན་གྱི་ལོ་རྒྱུས་ཐོག་གི་ཞིང་ལས་དེང་རབས་ཅན་དུ་་འགྱུར་བའི་འཆར་འགོད་དང་པོ་སྟེ་《ཧྲན་ཏུང་ཞིང་ཆེན་གྱི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འཆར་འགོད་(2016ལོ་ནས་2020ལོ་བར་)》ཞེས་པ་བཏོན་པའི་ནང་། 2020ལོར་སླེབས་སྐབས། ཧྲན་ཏུང་ཞིང་ཆེན་གྱི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་1000ཡན་དང་། ལོ་ཏོག་འདེབས་འཛུགས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་84% འབྲུ་རིགས་ཐོན་སྐྱེད་འཕྲུལ་ཆས་ཅན་དུ་འགྱུར་ཚད་98% དཔལ་འབྱོར་ལོ་ཏོག་ལས་ཀ་འཕྲུལ་ཆས་ཅན་དུ་འགྱུར་ཚད་56%བཅས་ཟིན་པ་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས་)ཕྱེད་ཀ་ཡན་ལ་སྤྱིར་ན་ཞིང་ལས་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་ཡིན་ལུགས་བསྟན་ཡོད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཧྲན་ཏུང་ཞིང་ཆེན་གྱི་ཞིང་ལས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་དེ་ཞན་ཆ་ཁ་གསབ་བྱེད་པ་དང་སྐུལ་འདེད་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་ཀྱི་དུས་མཚམས་གལ་ཆེན་ལ་སྔར་བཞིན་གནས་པ་དེས། གོ་སྐབས་གལ་ཆེན་ཐོབ་ལ་འགྲན་སློང་དྲག་པོའང་འཕྲད་ཡོད། ཧྲན་ཏུང་གིས“གསར་གཏོད”ལ་བརྟེན་ནས་ཞིང་ལས་ལ་གསོན་ཤུགས་འཕེལ་བ་དང་། “མཐུན་སྦྱོར”ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་པ། “ལྗང་མདོག”གིས་ཞིང་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། “གསར་གཏོད”ཀྱིས་ཞིང་ལས་འཕེལ་རྒྱས་གཏོང་གཞི་རྒྱ་སྐྱེད་པ། “མཉམ་སྤྱོད”ལ་བརྟེན་ནས་གྲོང་གསེབ་འཕེལ་རྒྱས་ཀྱི་ཧེ་བག་ཆུང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་རེད། ལོ་ལྔའི་དུས་ཚོད་ནང་ཞིང་ཆེན་དེ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་གྲུབ་ཆ་སྔར་བས་བཟང་སྒྲིག་བྱེད་པ་དང་། ཞིང་ལས་ཐོན་ཟོག་མཁོ་སྤྲོད་ཀྱི་སྤུས་ཚད་དང་ཕན་འབྲས་མངོན་གསལ་གྱིས་མཐོ་རུ་གཏོང་བ། དངོས་ཟོག་སྒྲིག་ཆས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་གཏོང་བ། ཚན་རིག་གི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཤུགས་ཆེར་གཏོང་བ། ཐོན་སྐྱེད་གཉེར་སྐྱོང་མ་ལག་རྒྱུན་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་སྣོད་བཅུད་ཁོར་ཡུག་རྒྱུན་སྲིང་ངང་ལེགས་སུ་གཏོང་བ། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་མགྱོགས་སུ་གཏོང་བ། ཞིང་པའི་འཚོ་བ་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་པ་བཅས་ཀྱི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།