འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་04ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།
         མི་དམངས་དྲ་བའི་འཕྲིན། 2008ལོར་བོད་དུ་ལས་མི་བྱེད་པར་ཡོང་མཁན་ཧུང་ཏེ་ཧུའེ་གོང་དཀར་རྫོང་ནས་ཡིན་པའི་བོད་རིགས་བུ་མོ་དཀར་རིལ་དང་ཁ་ཐུག་པ་དང་། 2010ལོར་གཉེན་སྒྲིག་བྱས་པ་དང་2013ལོའི་ཟླ་བཅུ་གཉིས་པར་ཕྲུ་གུ་སྐལ་བཟང་རྡོ་རྗེ་སྐྱེས་པ་རེད། 2011ལོར་ལག་རྩལ་སྣ་གཅིག་ལ་མཁས་པའི་ཧུང་ཏེ་ཧུའེ་ཡིས་འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་དུ་འགྱིག་ཤོག་དྲོད་ཁང་གི་རྣམ་གྲངས་གཉེར་བ་དང་ལོ་དེར་རང་ཉིད་ཀྱིས་མ་དངུལ་སྒོར་ཁྲི་8ལྷག་ཙམ་བཏང་བ་དང་དེའི་ཐོག་རྫོང་གིས་བོད་སྐྱོར་མ་དངུལ་སྒོར་ཁྲི་89བཏང་ནས་འགྱིག་ཤོག་དྲོད་ཁང་8བསྐྲུན་པ་རེད། ཁོང་གིས་ཡུལ་དེའི་མི་སེར་མི་ཉུང་བ་ཞིག་ལས་མི་བྱེད་པར་གླས་ནས་འབྲི་ཏ་ས་འཛིན་དང་། ཤིས་ཀྭ ཀྲོ་མ་ཀྲུ། མ་རྨོས་ལོ་ཏོག་སོགས་སྔོ་ཚལ་དང་ཤིང་འབྲས་སྣ་ཚོགས་བཏབ་པས་ལོ་དེ་རང་དུ་མ་རྩ་ལོག་ཐུབ་པ་བྱུང་ཡོད་པ་རེད། 2013ལོར་སྔར་ཡོད་ཀྱི་རྨང་གཞིའི་ཐོག་འགྱིག་ཤོག་དྲོད་ཁང་8མང་དུ་བཏང་བ་དང་། རྫོང་དེའི་དབུལ་སྐྱོར་རྣམ་གྲངས་ཡིན་པའི་ཆ་ནས་ཧུང་ཏེ་ཧུའེ་ཡིས་མ་དངུལ་སྒོར་ཁྲི་12དང་དབུལ་སྐྱོར་རྣམ་གྲངས་ཀྱིས་མ་དངུལ་སྒོར་ཁྲི་35བཏང་ནས་གཙོ་བོ་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་སྟེ་ས་ཆ་དེ་གའི་མི་སེར་གྱི་ཡོང་འབབ་མང་དུ་འགྲོ་རྒྱུར་སྣེ་ཁྲིད་བྱས་ཡོད་པ་རེད།
         ད་ཆ་ཧུང་ཏེ་ཧུའེ་ནང་མི་གསུམ་གྱི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་པ་དང་། ཁོང་གི་རེ་བ་ཆེ་ཤོས་ནི“ཁྱིམ་ཚང་ཞིང་ར”ཞིག་བསྐྲུན་རྒྱུ་དེ་རེད། ཧུང་ཏེ་ཧུའེ་ཡིས་མ་དངུལ་བཏང་ནས་མཉམ་ལས་ཁང་བཙུགས་ཏེ་མི་སེར་རྣམས་མཉམ་དུ་ཁྱིམ་དར་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱས།
    ༄༅།།ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད།
      

    ཕྱོགས་བསྡུས་གསར་འགྱུར།