འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་སྲིད་ཇུས་རང་བཞིན་གྱི་དངུལ་རྩར་བརྟེན་ནས་གྲོང་གསེབ་ཀྱི་ཐོན་ལས་
    མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་04ཉིན། 12:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་གཞུང་ལས་ཁང་དང་ཞིང་ལས་པུའི་གཞུང་དོན་ཐིང་གིས་མཉམ་འབྲེལ་གྱིས་《སྲིད་ཇུས་རང་བཞིན་གྱི་དངུལ་རྩས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་པ་དང་། ཕྱོགས་གཉིས་པོས་གསར་དར་མཉམ་ལས་ཀྱི་སྐུལ་འདེད་ལམ་སྲོལ་འཛུགས་པ་དང་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། སྲིད་ཇུས་རང་བཞིན་གྱི་དངུལ་རྩར་བརྟེན་ནས་་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         བརྡ་ཐོའི་ནང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་རང་བཞིན་གྱི་དངུལ་རྩས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་ཁག་གཅིག་ལ་རྒྱབ་སྐྱོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་ཐོན་ལས་འབྲེལ་ཐག་ཆ་ཚང་བ་དང་། ནུས་པ་མང་བ། ལས་སྒོ་ཕུན་སུམ་ཚོགས་པ་བཅས་སྔར་བས་བརྟན་པོའི་རྣམ་པ་གསར་པ་གཞི་རྩའི་ཆར་ཆགས་རྒྱུར་སྐུལ་འདེད་བཏང་ནས། ཞིང་ལས་ཀྱི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྣེ་ཁྲིད་བྱས་ཏེ་ཞིང་པའི་ཡོང་འབབ་མུ་མཐུད་འཕར་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད།
          བརྡ་ཐོའི་ནང་སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་འཁོར་སྐྱོད། གཅིག་འདོམས་འཆར་འགོད་དང་སྤྱི་ཡོངས་ལ་ལྟ་རྟོག གཙོ་གནད་མངོན་གསལ་དོད་པོ་བཅས་མཐའ་འཁྱོངས་བྱས་ནས་ཐོན་གྲོང་མཉམ་འདྲེས་དང་། ཞིང་ལས་ཀྱི་ནང་ཁུལ་མཉམ་འདྲེས། ཐོན་ལས་སྣུར་སྲིང་མཉམ་འདྲེས། ནུས་པ་རྒྱ་སྐྱེད་མཉམ་འདྲེས། ལག་རྩལ་གསར་པ་མཐིལ་རྟོགས་མཉམ་འདྲེས། མཉམ་འདུས་རྣམ་པའི་མཉམ་འདྲེས་སོགས་ཀྱི་རྣམ་པ་ཧུར་ཐག་བཏོད་དེ། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱེད་པོ་ཁག་གཅིག་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཕན་ཆེའི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་དང་ཕུགས་ཕན་མཉམ་ལས་ལམ་སྲོལ་བཙུགས་ཏེ། ཚད་ལྡན་ཅན་གྱི་མ་བཅོས་རྒྱུ་ཆའི་རྟེན་གཞི་འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
          བརྡ་ཐོའི་ནང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཀར་ཆག་ནང་བཅུག་པའི་རྣམ་གྲངས་ཡིན་ཕྱིན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གིས་སྒྲིག་གཞིའི་ལེགས་ཆ་སྤྱད་དེ་གཏན་འཁེལ་བྱས་ཟིན་པའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་དཀར་ཆག་དངུལ་ཁང་ཁག་ལ་རིམ་པར་སྤྲད་དེ་སྣ་མང་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་དང་། མ་རྩ་མཉམ་འདྲེས་ཀྱི་རྣམ་པ། ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་བཅས་བརྒྱུད་སྔོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་ཆབས་ཅིག དངུལ་རྩའི་སྒྲིག་གཞི་གཞན་དག་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ལས་རིགས་ཁག་གིས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།