འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྩྭ་ངན་ཆུ་འབྲས་རྒྱུད་འཛིན་ལམ་སྲོལ་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་04ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་2ཉིན། རྩྭ་ངན་ཆུ་འབྲས་ནི་ཞིང་ནང་གི་ཆུ་འབྲས་རྫུས་མ་ཡིན་པས་ཐད་ཀར་འབྲས་ཀྱི་ཐོན་འབབ་ཉུང་དུ་དང་སྤུས་ཚད་ཞན་དུ་གཏོང་གི་ཡོད། ཀྲེ་ཅང་སློབ་ཆེན་གྱིས་ཀྲུང་གོ་ཆུ་འབྲས་ཞིབ་འཇུག་སུའོ་ཡི་ཚན་ཞིབ་མི་སྣ་དང་མཉམ་དུ་གཞི་རྒྱུ་ཚོགས་ཆུང་གི་གོ་རིམ་བསྐྱར་ཞིབ་དང་དེ་བཞིན་དབྱེ་ཞིབ་བརྒྱུད་རྩྭ་ངན་ཆུ་འབྲས་ཀྱི་རྒྱུད་འཛིན་ལམ་སྲོལ་ཡོངས་བསྒྲགས་བྱས་ནས་རྩྭ་ངན་ཆུ་འབྲས་འགོག་བཅོས་ཆེད་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཞིང་། འབྲེལ་ཡོད་དཔྱད་རྩོམ་ཉིན་ཤས་གོང《རང་བྱུང·འཕྲིན་གཏོང》ཞེས་པའི་དུས་དེབ་ཐོག་བཏོན་ཡོད།
         “རྩྭ་ངན་ཆུ་འབྲས་ཞིང་ནང་སྐྱེས་ཚེ་རྒྱུན་ལྡན་གྱི་ཆུ་འབྲས་ཀྱི་ཉི་འོད་དང་། ཆུ། ས་བཅུད་བཅས་འཐེན་ངེས་པས་ཆུ་འབྲས་ཀྱི་ཐོན་ཚད་དང་སྤུས་ཚད་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་གི་ཡོད”ཅེས་ཀྲེ་ཅང་སློབ་ཆེན་ཞིང་ལས་དང་སྐྱེ་དངོས་ལག་རྩལ་སློབ་གླིང་གི་སྐྱེ་དངོས་ཚན་རིག་ཞིབ་འཇུག་སུའོ་ཡི་དགེ་རྒན་ཆེ་མོ་བ་ཧྥན་ལུང་ཅང་གིས་བཤད།
         ཞིབ་འཇུག་མི་སྣས་རྩྭ་ངན་ཆུ་འབྲས་ཉིད་གོ་ལ་ཧྲིལ་པོའི་ཆུ་འབྲས་ཀྱི་ནད་ཆེན་པོར་གྱུར་ཡོད། ཨེ་ཤེ་ཡའི་ཤར་ལྷོའི་རྒྱུད་དང་མེ་གླིང་ལྷོ་མ་སོགས་ཆུ་འབྲས་ཁུལ་དུ་ཁྱབ་རྒྱ་ཆེ་བ་དང་། རང་རྒྱལ་གྱི་ཅང་སུའུ་དང་། ཀོང་ཏུང་། ལེའོ་ཉིང་། ཉིང་ཞ་སོགས་ས་ཁུལ་དུའང“སྦགས་བཙོག”ཆེན་པོ་བཟོས་ཡོད་ཅེས་ངོ་སྤྲོད་བྱས།
         ཧྥན་ལུང་ཅང་གི་ཚོགས་པས་ཀྲུང་གོ་ཆུ་འབྲས་ཞིབ་འཇུག་སུའོ་ཡི་ལུའུ་ཡུང་ལེའང་དཔྱད་གཞི་ཚོགས་ཆུང་དང་མཉམ་དུ་རང་རྒྱལ་གྱི་ཅང་སུའུ་དང་། ཀོང་ཏུང་། ལེའོ་ཉིང་། ཉིང་ཞ་བཅས་ས་གནས་བཞི་ནས་རྩྭ་ངན་ཆུ་འབྲས་ཀྱི་དཔྱད་གཞི་155དང་ཡུལ་དེའི་ལོ་རེ་བཞིན་བཏབ་པའི་ཆུ་འབྲས་སྣ་ཁ་76བསྡུ་རུབ་བྱས་ཏེ། དཔྱད་གཞི་དེ་དག་ལ་གཞི་རྒྱུ་ཚོགས་ཆུང་ཡོངས་ཀྱིས་གོ་རིམ་བསྐྱར་ཞིབ་དང་ཚོགས་སྤྱིའི་དབྱེ་ཞིབ་བྱས་པ་བརྒྱུད། རང་རྒྱལ་གྱི་རྩྭ་ངན་ཆུ་འབྲས་དེ་གཙོ་བོ་འདེབས་གསོའི་ཆུ་འབྲས་ནས་ཐོན་པ་དང་ཆུ་འབྲས་ཀྱི་སྣ་ཁ་མི་འདྲ་བ་བསྲེས་རྗེས་ཆགས་པ་དང་། དོ་སྙོམས་གདམ་ག་བྱས་རྗེས་འཕེལ་འགྱུར་ལམ་སྲོལ་རྙོག་འཛིང་ཆེ་བའི་འབྲས་ཞིང་གི་ཁོར་ཡུག་དང་འཚམ་གྱི་ཡོད་ལུགས་རྟོགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།