འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།གསང་སྤྱོད་ཀྱི་ཚད་གཞི་ལོན་མེད་པས་4Aརིམ་པའི་མཛེས་ལྗོངས་ཁུལ་10ཡི་སྒོ་བྱང་ཕབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་04ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པར་རྒྱལ་ཁབ་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཡོངས་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ལྷན་(གཤམ་དུ“རྒྱལ་ཡོངས་ཡུལ་སྐོར་ཐོན་ཁུངས་ཨུ་ལྷན”ཞེས་བསྡུ་རྒྱུ་)གྱིས་ཉེ་དུས་གསང་སྤྱོད་གསར་བརྗེ་རྗེས་ལུས་ཚབས་ཆེན་ཐེབས་པའི་ཧོ་ནན་ཞིང་ཆེན་ནན་དབྱང་གྲོང་ཁྱེར་ཤིས་ཤ་ཕུའུ་ཉིའུ་ཧྲན་ལའོ་ཅེ་ལིང·ཁུང་འབྲུག་གནའ་ཤུལ་གླིང་ཡུལ་སྐོར་ཁུལ་དང་། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སོགས་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་2ལ་མཐའ་ཚིག་ནན་པོ་བསྒྲགས་པ་དང་། དེ་དང་ཆབས་ཅིག་ཞིང་ཆེན་རིམ་པའི་ཡུལ་སྐོར་སྡེ་ཚན་ཁག་གིས་ཐེན་ཅིན་ཆི་ལི་མཚོ་འདམ་རའི་ཡུལ་སྐོར་ཁུལ་སོགས་4Aརིམ་པའི་མཛེས་ལྗོངས་ཁུལ་10ཡི་སྒོ་བྱང་འབེབས་དགོས་པའི་ཐག་གཅོད་གཏན་འབེབས་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་པ་རེད།
         Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྤུས་རྟགས་སྤུས་ཚད་ཕྱོགས་ཡོངས་ནས་སྲུང་སྐྱོང་བྱ་ཆེད་འདི་ལོའི་ཟླ་བ་4པ་ནས་བཟུང་། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ་ཞིང་ཆེན་རིམ་པའི་ཡུལ་སྐོར་སྡེ་ཚན་ཁག་གིས་ཁོངས་གཏོགས་ཁུལ་ནང་གི་4Aརིམ་པའི་མཛེས་ལྗོངས་ཁུལ་དུ་གཅིག་སྡུད་ཞིབ་བཤེར་བྱེད་དགོས་པ་དང་ལྷག་དོན་དུ་གསང་སྤྱོད་གསར་བརྗེ་རྗེས་ལུས་ཐེབས་པ་དང་། དོ་དམ་དང་ཞབས་ཞུའི་ཆུ་ཚད་ཞན་པ། ཚད་གཞིའི་བླང་བྱ་དང་མཐུན་ཐབས་བྲལ་བ་བཅས་ཀྱི་མཛེས་ལྗོངས་ཁུལ་ལ་ཆད་པ་གཅོད་རྒྱུའི་ཐག་གཅོད་བྱེད་དགོས་པ་དང་། ཞིང་ཆེན་རིམ་པའི་ཡུལ་སྐོར་སྡེ་ཚན་ཁག་གིས། ཚད་མཐོའི་མཐོང་ཆེན་གྱིས་འཕྲལ་དུ་བྱེད་ཐབས་སྤྱད་དེ་ལས་དོན་ནན་ཏན་ངང་སྤེལ་དགོས་པའི་བླང་བྱ་བཏོན་ཞིང་། ཐེན་ཅིན་དང་། ཧོ་པེ། ཧྥུའུ་ཅན། ཅང་ཤིས། ཧྲན་ཏུང་། ཀོང་ཏུང་། སི་ཁྲོན། ཀུའེ་ཀྲོའུ། ཀན་སུའུ་སོགས་ཞིང་ཆེན(གྲོང་ཁྱེར)ལ་སྔོན་ལ་དུས་མཚམས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། གཤམ་གྱི་4Aརིམ་པའི་མཛེས་ལྗོངས་ཁུལ་ལ་སྒོ་བྱང་འབེབས་དགོས་པའི་ཆད་པ་བཅད་པ་སྟེ། ཐེན་ཅིན་གྲོང་ཁྱེར་ཆི་ལི་མཚོ་འདམ་རའི་ཡུལ་སྐོར་ཁུལ་དང་། ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་ལན་པང·མཁའ་དབྱིངས་ལྡུམ་རའི་མཛེས་ལྗོངས་ཁུལ། ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ཝུའུ་ཆོན་ཧྲན་སྤྱི་གླིང་མཛེས་ལྗོངས་ཁུལ། ཧྥུའུ་ཅན་ཞིང་ཆེན་ནན་ཕིང་གྲོང་ཁྱེར་ཧྲའོ་ཝུའུ་རྦབ་ཆུའི་གླིང་སྣོད་བཅུད་ཡུལ་སྐོར་མཛེས་ལྗོངས་ཁུལ། ཧྥུའུ་ཅན་ཞིང་ཆེན་ཤ་མོན་གྲོང་ཁྱེར་ཚུའེ་ཧྥུང་ཆུ་ཚན་ཡུལ་སྐོར་ཁུལ། ཅང་ཤིས་ཞིང་ཆེན་ཅིང་ཏེ་ཀྲེན་གྲོང་ཁྱེར་ཏེ་ཡུས་སྣོད་བཅུད་གླིང་། ཧྲན་ཏུང་ཞིང་ཆེན་ཧྥེ་རྫོང་ཀྲུང་ཧྭ་ཆི་ཧྲེ་གྲོང་གི་མཛེས་ལྗོངས་ཁུལ། ཀོང་ཏུང་ཞིང་ཆེན་ཧྥུའུ་ཧྲན་གྲོང་ཁྱེར་སན་ཧྲུའེ་ཆུ་ཚན་མཛེས་ལྗོངས་ཁུལ། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཧའེ་ཉིང་གྲོང་གི་ཚོང་དོན་ཡུལ་སྐོར་ཁུལ། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཧུང་ཧྥུང་མཚེའུ་ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།