འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡས་མཉམ་དུ་བསྐྲུན་པའི་སའི་གོ་ལ་ཕྱེད་ལྷོ་མའི་རྒྱ་མཚོའི་ཞིབ་
    འཇུག་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཆིང་ཏའོ་རྒྱ་མཚོའི་ཚན་རིག་དང་ལག་རྩལ་གྱི་རྒྱལ་ཁབ་ཚོད་ལྟ་ཁང་(གཤམ་དུ“རྒྱ་མཚོའི་རྒྱལ་ཁབ་ཚོད་ལྟ་ཁང”ཞེས་བསྡུ་རྒྱུ་)དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཚན་རིག་དང་བཟོ་ལས་ཞིབ་འཇུག་རྩ་འཛུགས་ཀྱིས་མཉམ་དུ་བསྐྲུན་པའི་སའི་གོ་ལ་ཕྱེད་ལྷོ་མའི་རྒྱ་མཚོའི་ཞིབ་འཇུག་ལྟེ་གནས་ཚེས་22ཉིན་ཐཱ་སི་མ་ཉི་ཡ་ཀྲོའུ་ཡི་ལྟེ་བའི་གྲོང་ཁྱེར་ཧོ་པ་ཐེ་རུ་དངོས་སུ་སྤྱོད་འགོ་ཚུགས་པ་རེད།
         རྒྱ་མཚོའི་རྒྱལ་ཁབ་ཚོད་ལྟ་ཁང་གི་ཀྲུའུ་རེན་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཝུའུ་ལིས་ཤིན་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཚན་རིག་དང་བཟོ་ལས་ཞིབ་འཇུག་རྩ་འཛུགས་ཀྱི་དབུ་བཞུགས་ལག་བསྟར་དཔོན་ལཱ་ལི·མ་ཤེའར་གྱིས་མཉམ་དུ་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་རེད།
         ཝུའུ་ལིས་ཤིན་གྱིས་ཤིས་ཚིག་ནང“གོ་ལ་ཧྲིལ་པོས་ལག་གདང་སྦྲེལ་ནས་ཁྱབ་ཁོངས་གལ་ཆེན་ནང་གསར་གཏོད་ཀྱི་མཉམ་ཤུགས་ཆགས་པ་བྱས་ཏེ་མཉམ་འབྲེལ་འགག་སྒྲོལ་བྱས་ཚེ་གཞི་ནས་ཚན་རིག་གི་སྤྱི་ཡོངས་དང་ལྷག་དོན་དུ་གནམ་གཤིས་ཞིབ་འཇུག་ལྟ་བུ་མིའི་རིགས་ཡོངས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་གོང་འཕེལ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ”ཅེས་བཤད་པ་རེད།
         མ་ཤེའར་གྱིས“སའི་གོ་ལ་ཕྱེད་ལྷོ་མའི་རྒྱ་མཚོའི་ཞིབ་འཇུག་ལྟེ་གནས་བཙུགས་པ་ནི་ང་ཚོས་གནམ་གཤིས་ཚན་རིག་འཕེལ་རྒྱས་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཞིག་ཡིན། གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པ་ནི་གོ་ལ་ཧྲིལ་པོའི་འགྲན་སློང་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཐབས་ཤེས་ཤིག་དགོས་ཀྱི་ཡོད། ང་ཚོས་གོ་ལ་ཧྲིལ་པོའི་དྲ་རྒྱ་གཏིང་ཟབ་ཏུ་བཏང་ནས་མིའི་རིགས་ཀྱིས་མ་འོངས་པའི་འགྲན་སློང་ལ་ཁ་གཏད་འཇལ་ནུས་དང་ཐོན་ཟིན་པའི་གནད་དོན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས”ཞེས་བཤད་པ་རེད།
         སའི་གོ་ལ་ཕྱེད་ལྷོ་མའི་རྒྱ་མཚོའི་ཞིབ་འཇུག་ལྟེ་གནས་དེ་རྒྱ་མཚོའི་རྒྱལ་ཁབ་ཚོད་ལྟ་ཁང་དང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཕྲན་མཉམ་འབྲེལ་ཚན་རིག་དང་བཟོ་ལས་ཞིབ་འཇུག་རྩ་འཛུགས་མཉམ་ལས་བྱས་ནས་བསྐྲུན་པ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོས་2017ལོ་ནས་2021ལོ་བར་ཁྱོན་མ་དངུལ་ཨོ་སྒོར་ཁྲི་1000(མི་དམངས་ཤོག་སྒོར་ཁྲི་5144ཙམ་ཡིན་པ)བཏང་ནས་སའི་གོ་ལ་ཕྱེད་ལྷོ་མའི་རྒྱ་མཚོའི་ལྟ་དཔྱད་ཚད་ལེན་དང་ཞིབ་འཇུག་དང་། སློབ་གསོ་གསོ་སྦྱོང་། ཆ་འཕྲིན་དང་གྲངས་གཞི་དོ་དམ་སོགས་ཀྱི་ལས་དོན་སྤེལ་རྒྱུའི་ཁས་བླངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།