འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།པ་རེན་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གིས"རྒྱུད་གཅིག་ལམ་གཅིག"གི་རིག་གཞུང་བགྲོ་གླེང་
    ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། "པ་རེན་སློབ་ཆེན་གྱི་ཁུང་ཙི་སློབ་གླིང་གི'རྒྱུད་གཅིག་ལམ་གཅིག'གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ"ཚེས་13ཉིན་པ་རེན་སློབ་ཆེན་དུ་འཚོགས་ཤིང་། རྒྱལ་ཁབ་བདུན་ནས་འོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་གིས་ད་རེས་ཀྱི"རྒྱུད་གཅིག་ལམ་གཅིག"གི་ནུས་རྒྱུ་གསར་པའི་མཉམ་ལས་དང་རིག་གནས་སྒྲོལ་བའི་སྤེལ་རེས་བྱ་རྒྱུ་བརྗོད་དོན་གཙོ་བོར་བྱེད་པའི་བགྲོ་གླེང་ཚོགས་འདུར་ཞུགས་པ་རེད།
         ད་རེས་ཀྱི་བགྲོ་གླེང་ཚོགས་འདུའི་བརྗོད་གཞིའི་ནང་། མཚོ་ཁུག་རྒྱལ་ཁབ་ཀྱི་ནུས་རྒྱུ་གསར་པའི་རྣམ་གྲངས་དང་། ནུས་རྒྱུ་གསར་པའི་སྲིད་ཇུས། ནུས་རྒྱུ་གསར་པའི་ཤེས་ལྡན་པ་གསོ་སྐྱོང་བཅས་དང་དེ་བཞིན་ནུས་རྒྱུ་གསར་པ་སྤྱོད་པ་དང་རིག་གནས་སྒྲོལ་བའི་སྤེལ་རེས་དང་མཉམ་ལས་བྱ་རྒྱུ་ཚུད་ཡོད།
         ཧྲང་ཧའེ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཀུང་སི་དབྱིས་ཤིས་ཚིག་ནང་། ནུས་རྒྱུ་མཉམ་ལས་བྱ་རྒྱུ་ནི"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན། སླད་ཕྱིན་ལོ་སུམ་ཅུའི་ནང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུའི་དགོས་མཁོ་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་རེད། པ་རེན་ཁུང་ཙི་སློབ་གླིང་གིས་ནུས་རྒྱུ་གསར་པའི་བརྗོད་གཞིའི་སྐོར་གྱི་བགྲོ་གླེང་ཚོགས་འདུ་འཚོགས་པ་དེས་ས་ཁུལ་འདི་གའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་འབུལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
         པ་རེན་སློབ་ཆེན་གྱི་སློབ་སྤྱི་ལི་ཡ་ཏེས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོས་འཛམ་གླིང་ལ་ཕན་པ་ཐོབ་ཡོད་པས། པ་རེན་གྱིས་རྒྱལ་སྤྱིའི"གྲོགས་ཚོམ"གསར་པ་དེའི་ནང་ཧུར་ཐག་ཞུགས་ཏེ་འཛམ་གླིང་གི་དཔལ་འབྱོར་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བར་རང་ནུས་ཅི་ཡོད་འདོན་འདོད་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།