འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅༎བོད་ལྗོངས་ནས་བོད་སྐད་ཡིག་གི་དྲ་བ་གསར་པ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་མ་ལག་རྒྱུད་ཁོངས་ཀྱིས་རྒྱབ་སྐྱོར་བྱས་པའི་མི་རིགས་སྐད་ཡིག་གི་དྲ་ཚུགས་ཐོག་མ་སྟེ། བོད་ལྗོངས་བོད་སྐད་ཡིག་དྲ་བ་ཉེ་ཆར་ལྷ་སར་པར་མ་བཟོ་བཅོས་བྱས་རྗེས་ལྷ་ས་ནས་ཤར་གཏོང་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཁང(རྩོམ་སྒྱུར་ཅུས)ཚན་ཞིབ་ཁྲུའི་ཁྲུའུ་ཀྲང་ཀྲེང་ཝུའེ་ཀྲུང་གིས། བོད་སྐད་ཡིག་དྲ་བར་སྔོན་ཐོན་གྱི་ལག་རྩལ་སྤྱད་ཡོད་པས། གློག་ཀླད་དང་སྒུལ་བདེའི་མཐའ་སྣེ་སྤྱད་དེ་རགས་ལྟ་དང་འཚོལ་ཞིབ་བྱེད་ཆོག་པ་མ་ཟད། ད་དུང་གཞུང་ཕྱོགས་ཀྱི་དྲ་ཚིགས་ཆུང་ངུ་དང་སྐད་འཕྲིན་གྱི་སྤྱི་སྟེགས་སྤྱོད་ཆོག་པའི་མཐུད་ཁ་བཞག་ཡོད་པ་དང་། དྲ་ཚིགས་དེར་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ཁར་དེང་རབས་ཀྱི་དར་བཟོ་ཆེ་བའི་ཚོན་ཁྲ་བཟོས་ཡོད་ལ། རྒྱ་ཡིག་དྲ་ཚིགས་ཐོག་ཆ་འཕྲིན་འགྲེམས་སྤེལ་གཙོ་བོར་བཟུང་བ་དང་བོད་ཡིག་དྲ་ཚིགས་ཐོག་རིག་གཞུང་སྤེལ་རེས་གཙོ་ཆེར་བཟུང་ནས་དགོས་མཁོ་མི་འདྲ་བའི་དྲ་ཚིགས་སྤྱོད་མཁན་ལ་འབྲེལ་ཡོད་ཀྱི་ནང་དོན་མཁོ་འདོན་བྱས་ཡོད་ཟེར།        
         ད་རགས་བར། དྲ་ཚིགས་ཐོག་ཆ་འཕྲིན་སྣ་ཚོགས་བསྡོམས་སྟོང་ཕྲག་ཡན་ལྷག་བཏང་ཟིན་ལ་ལྟ་མཁན་མི་ཐེངས་ཁྲི400ལྷག་ཙམ་ཟིན་ཡོད་པ་དང་། དྲ་ཚིགས་ལ་ལྟ་མཁན་བོད་རང་སྐྱོང་ལྗོངས་གཙོས་བྱས་ཏེ་རྒྱལ་ཡོངས་ལ་ཁྱབ་ཡོད་པ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་དུའང་ཧ་ཅང་མང་པོ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།