འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་གྱི་འགོ་གཙོས"རྒྱུད་གཅིག་ལམ་གཅིག"གིས་དུས་རབས་ཀྱི་ཤུགས་རྐྱེན་ལྡན་ལ་
    གོ་ལ་ཧྲིལ་པོར་བདེ་སྐྱིད་སྐྲུན་ཐུབ་ཅེས་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་14ཉིན་གྱི་སྔ་དྲོར"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱིས་རིམ་པ་མཐོ་བའི་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་། ཚོགས་ཞུགས་རྒྱལ་ཁབ་མང་པོའི་འགོ་གཙོས་ཤིས་ཚིག་ནང"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོའི་དགེ་མཚན་ལྡན་པའི་ནུས་པ་དང་དོན་སྙིང་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་སྟེ། གྲོས་འགོས་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་ཇུས་གཞི་མཁོ་འདོན་དང་། དམངས་ཚོགས་ལ་བདེ་སྐྱིད་སྐྲུན་རྒྱུར་གོ་སྐབས་གཏོད་པ། འཛམ་གླིང་དཔལ་འབྱོར་ལ་གསོན་ཤུགས་སྣོན་ཐུབ་པའི་ངོས་འཛིན་གནང་བ་རེད།
         ཆི་ལིའི་ཙུང་ཐུང་པཱ་ཆེ་ལའེ་ཐེས། ཀྲུང་གོས་གཉེར་བའི"རྒྱུད་གཅིག་ལམ་གཅིག"གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་དེ་དུས་ལ་བབས་པ་ཞིག་དང་། གླེང་སྟེགས་ནང་རྒྱ་ཁྱབ་ངང་ཞུགས་པའི་རང་བཞིན་ལས་གྲོས་འགོ་དེ་གོ་ལ་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་ཆེས་དགའ་བསུ་ཐོབ་ཤོས་ཀྱི་གྲོས་འགོའི་གྲས་ཤིག་ཡིན་པ་མཚོན་ཐུབ། ཁོང་གིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ཡོ་རོབ། ཨ་མེ་རི་ཁ་གླིང་ལྷོ་མ་བཅས་ཕན་ཚུན་སྦྲེལ་མཐུད་ཐུབ་ནས། ཁྲོམ་ར་གསར་པ་གཏོད་པ་དང་མ་འཇོག་དང་ཡུལ་སྐོར་ལ་སྐུལ་འདེད་གཏོང་རོགས་བྱེད་ཐུབ་པ་མ་ཟད། རྒྱལ་ཁབ་ཁག་དབར་ཕན་ཚུན་རྒྱུས་མངའ་ལོན་ཚད་གཏིང་ཟབ་ཏུ་དང་དྲང་བཞག་དང་། བསྟུན་མཁས། ཞི་བདེ་བཅས་ཀྱི་འཛམ་གླིང་བསྐྲུན་རྒྱུར་སྐུལ་སྤེལ་གཏོང་རོགས་ཀྱང་བྱེད་ཐུབ་ཅེས་གསུངས།
         ཅེ་ཁེའི་ཙུང་ཐུང་ཙེ་མན་གྱིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་ནི"གསར་གཏོད་ཅིག"དང"དེང་རབས་ལོ་རྒྱུས་ཐོག་གི་གྲོས་འགོ་གལ་ཆེན་ཞིག"ཡིན་པའི་གདེང་འཇོག་གནང་བ་དང་། ཁོང་གིས"རྒྱུད་གཅིག་ལམ་གཅིག"ལ་རྒྱབ་སྐྱོར་བྱ་རྒྱུ་ནི་ཅེ་ཁེའི་ཕུགས་འཕེར་གྱི་ཆོད་དོན་ཞིག་ཡིན། "མིག་སྔར་ཅེ་ཁེས་ཞུགས་པའི་རྣམ་གྲངས་ཆེན་པོ་མེད་མོད། ཡིན་ཡང་སྒྲོན་མེ་གཅིག་གི་གསལ་ཆ་མི་ཆེ་ཡང་སྒྲོན་མེ་བརྒྱ་ཕྲག་ལས་འོད་ཟེར་གྱ་ནོམ་པ་སྦྱིན་ནུས་པ་ལྟར་རེད"ཅེས་གསུངས།
         ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཧེའར་མཱ་ལི་ཡ་མུའུ་ཡིས། ཁོང་གིས་ཀྲུང་གོ་སྲིད་གཞུང་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ཀྱི་འགོ་འཛུགས་མཛད་སྒོའི་བཞེད་དོན་གཙོ་བོའི་གཏམ་བཤད་ནང་བསྟན་གནང་བའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འཛམ་གླིང་དར་རྒྱས་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་མིག་རྒྱང་རིང་ལ་ལྟ་བ་ཟབ་མོ་མངོན་པར་ཚད་མཐོའི་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་གསུངས་ཤིང་། ཁོང་གིས། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དང་དེ་བཞིན་ཨ་ཧྥེ་རི་ཁའི《2063ལོའི་གྲོས་རིམ་》དང་ཚད་མཐོའི་ངང་འཚམ་ཐུབ་པ་བྱུང་ནས་གོ་ལོ་ཧྲིལ་པོར་བདེ་སྐྱིད་སྐྲུན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་གནང་བ་རེད།
         ཀེ་རི་སེའི་ཙུང་ལི་ཅི་ཕུའུ་ལཱ་སིས། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་རྒྱལ་ཁབ་དང་ས་ཁུལ་མང་པོའི་དཔལ་འབྱོར་འཕེལ་རྒྱས་དམིགས་ཚད་དང་འཚམ་ཐུབ་པ་བྱུང་ནས། ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེ་མོ་དང་འཛམ་གླིང་ཁྱབ་ཁོངས་སུ་སྤེལ་རེས་ལ་སྐུལ་འདེད་དང་། དཔལ་འབྱོར་མཉམ་ལས་ལ་སྐུལ་སྤེལ། ཉོ་ཚོང་མ་འཇོག་ཆེར་གཏོང་བཅས་ཐུབ་ནས"ཤུགས་རྐྱེན་གཏིང་ཟབ་ལྡན་པའི་དུས་རབས་ཀྱི་གྲོས་འགོ"ཞེས་བརྗོད་ཆོག ཀེ་རི་སེ་ནི་རྒྱ་མཚོའི་རྒྱལ་ཁབ་ཅིག་ཡིན་པ་དང་ཡོ་རོབ་ཀྱི་བཞི་མདོ་ཁར་གནས་པས། དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་སྐྲུན་རྒྱུ་ནི་ཀེ་རི་སེའི་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་ཡིན་པས། གླེང་སྟེགས་འཚོགས་པ་ལས་སླད་ཕྱིན་མཉམ་ལས་ཀྱི་བྱ་ཐབས་དེ་བས་མང་བ་འདོན་རྒྱུར་རྨང་གཞི་འདིང་ཐུབ་རེ་ཡོད་ཅེས་གསུངས།
         ཕ་ཁི་སི་ཐན་གྱི་ཙུང་ལི་ཤེ་ལི་ཧྥུའུ་ཡིས། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་ལས་རིག་གནས་ཀྱི་སྣ་མང་རང་བཞིན་དང་བསྟུན་མཁས་རང་བཞིན་ཤུགས་ཆེན་མངོན་པ་དང་། གོ་ལ་ཧྲིལ་པོའི་མུ་འགྲམ་དུ་གནས་པའི་མི་རྣམས་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྦྱིན་ཡོད་ཅེས་དང་། ཁོང་གིས། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་དེ་ཞུགས་མཁན་རྒྱལ་ཁབ་ཚང་མར་དབང་ལ། ད་དུང་ཞུགས་མེད་པའི་རྒྱལ་ཁབ་ལ་ཡང་སྒོ་དབྱེ་ཡོད་པས་དེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་སྤྱི་པའི་ཐོན་རྫས་ཤིག་ཡིན་པས་གསོན་ཤུགས་དེ་བས་ཆེ་བ་འཕེལ་རྒྱུ་རེད་ཅེས་གསུངས།
         རིམ་པའི་མཐོ་བའི་ཚང་འཛོམས་གྲོས་ཚོགས་ཐོག དབྱིན་ཇི་དང་། ཧྥ་རན་སེ། འཇར་མན་བཅས་ཀྱི་ཚོགས་ཞུགས་འཐུས་མིས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོར་མོས་མཐུན་དང་རྒྱབ་སྐྱོར་བྱས་ཤིང་། དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་དམིགས་བསལ་ཕོ་ཉ་ནོར་སྲིད་བློན་ཆེན་ཧ་མོང་ཏེས། ཀྲུང་གོས་གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་གི་ལས་ལ་གཞོལ་བ་དང"རྒྱུད་གཅིག་ལམ་གཅིག"གིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད། དབྱིན་ཇིས་མཉམ་ཚོང་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། “རྒྱུད་གཅིག་ལམ་གཅིག”འཛུགས་པ་ལས་གོ་ལ་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས།
         ཧྥ་རན་སེའི་ཙུང་ཐུང་གི་སྐུ་ཚབ། གྲོས་ཁང་གོང་མའི་ཕྱི་འབྲེལ་དང་འགོག་སྲུང་དང་དྲག་ཆས་སྟོབས་ཤུགས་ཨུ་ལྷན་གྱི་ཀྲུའུ་ཞི། ཙུང་ལི་ཟུར་པ་བཅས་ཡིན་པའི་ལཱ་ཧྥ་ལན་གྱིས། ཧྥ་རན་སེས་ཕྱོགས་མང་རིང་ལུགས་དང་གོ་ལ་ཧྲིལ་པོ་ཅན་ལས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ཕན་ནུས་ཐོན་པའི་ངོས་འཛིན་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ཀྲུང་གོ་དང་ཡོ་རོབ་དབར་ཕན་ཚུན་སྦྲེལ་མཐུད་བྱེད་པའི་གལ་ཆེའི་རང་བཞིན་ལ་ཡང་མོས་མཐུན་བྱེད་ཀྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས། ཧྥ་རན་སེར"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་ལས་འཛམ་གླིང་ཞི་བདེར་སྐུལ་སྤེལ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་ཇུས་གཞི་གསར་པ་མཁོ་འདོན་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས།
         འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་དང་དེ་བཞིན་ཙུང་ལིའི་སྐུ་ཚབ། དཔལ་འབྱོར་དང་ནུས་རྒྱུ་པུའི་པུའུ་ཀྲང་ཅི་ཕུའུ་ལི་སིས། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་ལས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་སྤེལ་ཐེབས་ནས་ཨེ་ཤེ་ཡ་དང་ཡོ་རོབ་དབར་གྱི་ཉོ་ཚོང་དང་མ་འཇོག་ལ་སྐུལ་འདེད་དེ་བས་ཡག་པ་གཏོང་ཐུབ་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།