འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་ཀྲུང་ཡོ་དབར་གྱི་དུས་གཏན་མེ་འཁོར་ཐེངས་1000བཏང་བ་དེ་ལོ་གོང་
    མའི་དུས་མཚུངས་ལས་158%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་16ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན་གྱི་ཕྱི་དྲོ་ཀྲུང་ཡོ་དབར་གྱི་དུས་གཏན་མེ་འཁོར་ཐེངས་X8024(དབྱི་ཝུའུ་ནས་མ་ཏེ་རི་བར)དབྱི་ཝུའུ་བབས་ཚུགས་ནུབ་མ་ནས་ཐོན་འགོ་ཚུགས་ཤིང་། ཚོང་ཟོག་ཆུང་ངུ་དང་གྱོན་གོས་སོགས་བྱུར་བུར་བླུགས་པའི་མེ་འཁོར་དེ་2017ལོར་བཏང་བའི་ཀྲུང་ཡོ་དབར་གྱི་དུས་གཏན་མེ་འཁོར་ཐེངས་1000རེད། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་སིའི་བསྡོམས་རྩིས་ལས་མངོན་པར། 2017ལོའི་ཀྲུང་ཡོ་དབར་གྱི་དུས་གཏན་མེ་འཁོར་གཏོང་འབོར་དེ་ན་ནིང་དང་བསྡུར་ན་མེ་འཁོར་612མང་དུ་ཕྱིན་པ་དང་158%འཕར་བ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། "རྒྱུད་གཅིག་ལམ་གཅིག"གི་གྲོས་འགོ་བཏོན་ཚུན་ཀྲུང་ཡོ་དབར་གྱི་དུས་གཏན་མེ་འཁོར་གཏོང་གྲངས་མགྱོགས་མྱུར་མང་དུ་སོང་བ་དང་། འབྱོར་བའི་དུས་ཚད་མངོན་གསལ་དོད་པོས་ཐུང་དུ་སོང་བ། ཟོག་འདྲེན་མ་རྩ་མངོན་གསལ་དོད་པོས་ཆག་པ། ཞབས་ཞུའི་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། དངོས་ཟོག་གི་སྣ་ཁ་ཉིན་བཞིན་འཛོམས་སུ་ཕྱིན་ནས་ཀྲུང་ཡོ་དབར་གྱི་དུས་གཏན་མེ་འཁོར་གྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།