འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།བརྟག་ཞིབ་བྱས་པ་ལྟར་ན་འཇར་མན་བས་དངུལ་སྨར་ཐད་ཀར་གཏོང་སྤྲོད་བྱེད་འདོད་
    ཡོད་མཁན་མང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཁྲོམ་རའི་ཞིབ་འཇུག་སྒྲིག་གཞི་གྲགས་ཅན་དབྱི་ཕུའུ་སོའུ་ཚོགས་པས་བརྟག་ཞིབ་མཇུག་འབྲས་ཤིག་ཁྱབ་བསྒྲགས་བྱས་པའི་ནང་། “དངུལ་སྨར་མ་ཡིན་པའི”གཏོང་སྤྲོད་གོ་ལ་ཧྲིལ་པོའི་རྒྱལ་ཁབ་མང་པོར་དར་སོ་ཆེ་རུ་འགྲོ་བཞིན་པའི་དུས་འདིར་འཇར་མན་བས་ལུས་ལ་དངུལ་སྨར་འཁྱེར་ནས་འཛད་སྤྱོད་བྱ་རྒྱུར་དེ་བས་དགའ་པོ་བྱེད་པ་མངོན་ཡོད།
         བརྟག་ཞིབ་ལས་མངོན་པ་ལྟར་ན། བཅར་འདྲི་དང་ལེན་བྱེད་སྐབས་རྟག་ཏུ་ལུས་ལ་དངུལ་སྨར་འཁྱེར་མཁན་འཇར་མན་བ་90%ཟིན་པ་དང་བསྡུར་ན་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་གི་བསྡུར་གྲངས་དེ་79%ལས་ཟིན་གྱི་མེད། གཞན་ཡང་བཅར་འདྲི་དང་ལེན་བྱེད་མཁན་འཇར་མན་བ་84%ཡིས་དངུལ་སྨར་གཏན་ནས་བེད་སྤྱོད་མི་བྱེད་པའི་འཚོ་བ་ནི་སྐྱེལ་ཐབས་བྲལ་བ་ཞིག་རེད་ཅེས་ཤོད་ཀྱི་ཡོད།
         བརྟག་ཞིབ་སྙན་ཞུའི་ནང་མངོན་གསལ། འཇར་མན་བས“དངུལ་སྨར་མ་ཡིན་པའི”གཏོང་སྤྲོད་ལས་དངུལ་སྨར་སྤྱོད་འདོད་ཆེ་བའི་རྒྱུ་མཚན་གཅིག་ནི་ཁ་ཤས་ཀྱིས་དངུལ་སྨར་དངུལ་ཁང་ལ་བཅོལ་བ་ལས་རང་ཉིད་ཀྱིས་ཉར་བ་དེ་བས་བདེ་འཇགས་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད་པས་རེད།
         ཧོ་ལན་རྒྱལ་སྤྱིའི་ཐད་ཚོང་དངུལ་ཁང་གི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཁ་སེ་ཐེང·པུའུ་རེ་སེ་ཅི་ཡིས་བདེ་འཇགས་ཚོར་སེམས་དབང་གིས་འཇར་མན་གྱི་འཛད་སྤྱོད་པས་ཡོ་རོབ་ཀྱི་མི་གཞན་དག་ལས་དངུལ་སྨར་སྤྱོད་འདོད་དེ་བས་ཆེ་བ་བྱེད་ཀྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།