འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་རེ་ཤེ་ཡའི་མཁས་དབང་གིས"རྒྱུད་གཅིག་ལམ་གཅིག"ལས་ཡོ་རོབ་ཤར་ལྷོའི་དཔལ་
    འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཐོབ་རྒྱུ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་15ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཁ་རེ་ཤེ་ཡའི་ཀྲུང་གོའི་གནད་དོན་གྱི་གྲགས་ཅན་ཞིབ་འཇུག་མཁས་དབང་ཇུས་འདོན་ཚོགས་པའི་ས་ཁམས་དཔལ་འབྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི་གཞོན་པ་ཡ་སི་ནཱ·ཕུའུ་ལའེ་ཧྥུའུ་ཉི་ཁེས"རྒྱུད་གཅིག་ལམ་གཅིག"གི་གྲོས་འགོས་ཡོ་རོབ་ཤར་ལྷོའི་རྒྱལ་ཁབ་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ཤིག་སྦྱིན་ཡོད། ས་ཁུལ་དེ་གའི་རྒྱལ་ཁབ་ཀྱིས་ཕྱོགས་གཉིས་སམ་ཡང་ན་ཕྱོགས་མང་རྣམ་པའི་ཐོག་ནས་ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་གཞན་དག་དབར་མཉམ་ལས་བྱས་ནས་ས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆོག་ཅེས་བཤད་པ་རེད།
         ཕུའུ་ལའེ་ཧྥུའུ་ཉི་ཁེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཕྱོགས་མང་རྣམ་པའི་ཐོག་ནས"རྒྱུད་གཅིག་ལམ་གཅིག"ནང་ཞུགས་ཚེ་ཕྱོགས་རྐྱང་པའི་རྒྱལ་ཁབ་ཀྱི་ཁྲོམ་ར་ཆུང་ལ་རྒྱལ་ཁབ་དབར་འབྲེལ་མཐུད་ཞན་པ་སོགས་ཀྱི་གནས་བབ་འགྱུར་ལྡོག་གཏོང་ཐུབ་པ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་ནང་ནུས་ལྡན་ངང་ཞུགས་ནས་ལག་རྩལ་གྱི་གྲུབ་འབྲས་གསར་ཤོས་ལོངས་སུ་སྤྱོད་ཆོག་ལ་མ་འཇོག་པའི་ཡིད་དབང་ཡང་འགུག་ཐབས་བྱེད་ཆོག དེ་དག་ཡོ་རོབ་ཤར་ལྷོའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད་ཅེས་བཤད་པ་རེད།
         ཁོང་གིས"རྒྱུད་གཅིག་ལམ་གཅིག"གི་སྒྲོམ་གཞིའི་འོག་གི་ཕྱོགས་མང་མཉམ་ལས་ཀྱིས་ས་ཁུལ་དེ་གའི་རྒྱལ་ཁབ་དབར་གྱི་མཉམ་ལས་དང་མཐུན་སྦྱོར་འཕེལ་རྒྱས་དང་ལྷག་དོན་དུ་ཚོང་དོན་དང་། འགྲིམ་འགྲུལ་སྒྲིག་ཆས། མི་སྣ་འགྲོ་འོང་སོགས་ཐད་ལ་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
         ཕུའུ་ལའེ་ཧྥུའུ་ཉི་ཁེ་ཡིས་ཡོ་རོབ་ཤར་ལྷོའི་རྒྱལ་ཁབ་ཀྱིས་གོ་སྐབས་དམ་འཛིན་བྱས་ནས"རྒྱུད་གཅིག་ལམ་གཅིག"བསྐྲུན་པའི་ནང་ཞུགས་རྒྱུའི་རེ་འབོད་བྱས་ཤིང་། ཁོང་གིས་གྲོས་འགོ་དེ་ནི་ས་ཁུལ་དེའི་རྒྱལ་ཁབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་ཕན་པ་ཞིག་ཡིན་པ་དང་དུས་མཚུངས་མཉམ་ལས་ལ་བརྟེན་ནས་ལས་ཞུགས་བྱེད་མང་དུ་དང་དམངས་འཚོ་ལེགས་སུ་གཏོང་ཐུབ་རྒྱུ་ཡིན་པ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།