འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་གྱི་ལམ་སྐྱོང་འཕྲུལ་ཆས་ཆེ་གྲས་
    རང་འགྲིག་ཕྱིར་ཚོང་ཐོག་མ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་12ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་10ཉིན། ཧུའུ་པེ་ཅིན་ཡིང་ལས་གྲྭའི་འཕྲུལ་ཆས་ཆེ་གྲས་ཚད་ཡོད་ཀུང་སིའི་ཁག་ཐེངས་དང་པོའི་ལྕགས་ལམ་གྱི་ལམ་སྐྱོང་འཕྲུལ་ཆས་ཆེ་གྲས་4མ་ལེ་ཞི་ཡའི་སྐུ་ཚབ་ཀྱི་ཞིབ་བཤེར་རྩིས་ལེན་ཐོབ་ཡོད། འཕྲུལ་ཆས་དེ་དག་མ་ལེ་ཞི་ཡའི་མཚོ་ངོགས་ཤར་མའི་ལྕགས་ལམ་ལམ་ཐིག་དང་ལམ་ཐིག་སྒྱུར་བཀོད་ལས་གྲྭའི་ཐད་སྤྱོད་རྒྱུ་ཡིན་ཞིང་། དེ་ཡང་རང་རྒྱལ་གྱིས་རྒྱལ་ཁབ་ཕྱིར་ལམ་སྐྱོང་འཕྲུལ་ཆས་ཆེ་གྲས་རང་འགྲིག་ཕྱིར་གཏོང་བྱེད་ཐེངས་ཐོག་མ་དེ་ཡིན་པས་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང“རྒྱུད་གཅིག་ལམ་གཅིག”གཏོད་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།